Such a refutation is not contradictory with the meditation on ugliness
ཁོ་ན་རེ། ཕྱི་དོན་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་མེད་ན།
རྣལ་འབྱོར་པས་མི་སྡུག་པ་སྒོམ་པའི་ཚེ་ས་གཞི་ཐམས་ཅད་ཀེང་རུས་ཀྱིས་གང་བར་མཐོང་བར་བཤད་པ་དང་འགལ་ལོ་ཞེ་ན།
Someone says: If there are no external objects and consciousness is not inherently established, then this would contradict the explanation that when yogis meditate on ugliness, they perceive the entire earth as filled with bones.
ཤེས་བྱ་ཆོས་ཅན། དེ་གཉིས་མི་འགལ་ཏེ། མི་སྡུག་པ་སྒོམ་པའི་རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས་ཀེང་རུས་ཀྱིས་གང་བའི་ས་གཞི་མཐོང་བ་གང་ཡིན་པ་དེར་ཡང་
ཡུལ་དབང་རྣམ་ཤེས་གསུམ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་པའི་ཕྱིར་ཏེ།
ཏིང་ངེ་འཛིན་དེ་ལོག་པ་སྟེ་དེ་ཁོ་ན་ཉིད་མ་ཡིན་པའི་ཡུལ་ཡིད་ལ་བྱེད་པར་མདོ་ལས་བསྟན་པའི་ཕྱིར་རོ།
The subject - objects of knowledge - those two are not contradictory because the yogis who meditate on ugliness through the instructions of a lama and perceive the earth filled with bones is also perceived in terms of the object, faculty, and consciousness not being inherently produced; because it is indicated in sutra that that meditative stabilisation takes to mind an object that is wrong, i.e. not suchness.
ཁྱབ་སྟེ། ཏིང་ངེ་འཛིན་དེ་རང་བཞིན་གྱིས་གྲུབ་ན་དེ་ལ་སྣང་བའི་ཡུལ་དེ་ཡང་རང་བཞིན་གྱིས་གྲུབ་དགོས་ལ།
དེ་ལྟར་ན་ཏིང་ངེ་འཛིན་དེ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་དུ་འགྱུར་དགོས་པའི་ཕྱིར།
There is pervasion because if that meditative stabilisation were inherently established, then also the object appearing to it would necessarily be inherently established, and in that case, that meditative stabilisation would necessarily become an object-possessor of suchness.
དེ་ཆོས་ཅན། ཏེང་ངེ་འཛིན་དེ་རང་བཞིན་གྱིས་གྲུབ་ན་ལུང་དང་འགལ་བར་མ་ཟད། རིགས་པ་དང་ཡང་འགལ་བ་ཡིན་ཏེ།
That subject, if that meditative stabilisation is inherently established, then not only does that contradict scripture, it also contradicts reasoning...
སེམས་ཙམ་པ་ཁྱོད་ཀྱི་ལུགས་ལ་གར་མཁན་གྱི་གཟུགས་ལ་བལྟ་བའི་ལྟད་མོ་བའི་དབང་བློ་སྟེ་མིག་གི་རྣམ་ཤེས་ཡུལ་དེ་རྣམས་ཀྱི་རྣམ་པ་ཅན་དུ་སྐྱེ་བ་ན།
དེའི་གན་ན་ཡོད་པ་གཞན་ཡང་དེ་རྣམས་གྱི་རྣམ་པ་ཅན་དུ་སྐྱེ་བ་ཇི་ལྟ་བ་དེ་ལྟར་དུ་མི་སྡུག་པའི་ཡིད་ཅན་གྱི་རྣལ་འབྱོར་པས་ས་གཞི་ཀེང་རུས་ཀྱིས་གང་བར་ཡང་མཐོང་བར་གྱུར་པ་ན། དེ་བཞིན་དུ་ཡུལ་དེར་བློ་གཏད་པ་ན་གཅིག་ཤོས་རྣལ་འབྱོར་པ་མ་ཡིན་པས་ཀྱང་ས་གཞི་ཀེང་རུས་ཀྱིས་གང་བ་རྟོགས་པ་སྟེ་མཐོང་བར་འགྱུར་བར་ཐལ།
ཏིང་ངེ་འཛིན་དེ་རང་བཞིན་གྱིས་གྲུབ་པའི་ཕྱིར།
It follows that according to the Cittamatra system, just as when the spectator's eye-consciousness looking at the body of the dancers is produced possessing the aspect of those objects, then others who are present will also produce such [eye-consciousnesses] possessing the aspect of those object; similarly, when the yogi meditating on ugliness perceived the earth as filled with bones, then when others (non-yogis) direct their attention to that place they will also perceive the earth as filled with bones because that meditative stabilisation is inherently established.
ཁྱབ་སྟེ། རང་བཞིན་གྱིས་གྲུབ་ན་གང་ལ་ཡང་ལྟོས་མེད་དུ་གྲུབ་དགོས་པས། ཏིང་ངེ་འཛིན་དེ་སྐྱེ་བ་ཡང་མི་སྡུག་པ་སྒོམ་པ་ལ་མི་ལྟོས་དགོས་པའིེ་ཕྱིར།
There is pervasion because if something is inherently established, then it is established without dependencies; therefore, the production of that meditative stabilisation would also necessarily not depend upon meditating on ugliness.
ཏིང་ངེ་འཛིན་དེ་ནི་ཆོས་ཅན། ཡུལ་རྫུན་པ་སྟེ་ལོག་པ་ཡིད་ལ་བྱེད་པར་ཡང་མི་འགྱུར་བར་ཐལ། རང་བཞིན་གྱིས་གྲུབ་པའི་ཕྱིར། ཁྱབ་འབྲེལ་སྔར་བཞིན་ནོ།
The subject - that meditative stabilisation - it follows that it would also not take to mind a wrong, i.e. false, object because it is inherently established. Proving the pervasion is as above.
དེ་བཞིན་དུ་རབ་རིབ་དང་ལྡན་པའི་དབང་པོ་ཅན་དང་མཚུངས་པ་སྟེ་དེ་ལྟ་བུའི་རིགས་ཅན་སྒྱུ་མ་དང་གཟུགས་བརྙན་སོགས་མཐོང་བའི་བློ་དང་
ཆུ་འབབ་པའི་ཀླང་ལ་ཡི་དྭགས་སྣ་ཚོགས་ཀྱིས་བལྟས་པའི་ཚེ་རྣག་ཁྲག་ཏུ་སྣང་བའི་བློ་ཡང་ཆོས་ཅན།
ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པའི་མཐུན་དཔེར་མི་རུང་ཏེ། དེ་ཡང་བཤད་མ་ཐག་པའི་རིགས་པས་ཁེགས་པའི་ཕྱིར།
Similarly, the subject - the class of possessing faculties with an eye-disease, such as awarenesses perceiving illusions, reflections, and so forth, as well as the awareness of various pretas looking at a river which appears as pus and blood - those are not suitable as concordant examples for the non-existence of external objects and an inherently established consciousness because it is refuted by the reasonings just explained.
Example of the three appearances of a river
Up a level: Refuting that consciousness is inherently established without external objects (Gomde)