Summary by way of expressing the qualities of the sixth ground (Gomde)
སྔར་བཤད་པ་དེ་ལྟར་རྣམ་པར་དཔྱད་པའི་བློ་གྲོས་ཀྱི་འོད་ཟེར་གྱིས་དེ་ཁོ་ན་ཉིད་ཀྱི་སྣང་བ་གསལ་བར་བྱས་པའི་བྱང་སེམས་ས་དྲུག་པ་དེ་ནི་ཆོས་ཅན།
ཐ་སྙད་བདེན་པའི་སྟོབས་ཀྱིས་ཏེ་ཀུན་རྫོབ་ཏུ་འགོག་པར་འབྲོ་བ་སྟེ་དེ་ལ་རྣམ་པར་འཇུག་སྟེ་རང་གི་ལག་མཐིལ་ལ་གནས་པའི་སྐྱུ་རུ་ར་རྙེད་པའི་འབྲས་བུ་བཞིན་དུ་
སྲིད་པ་གསུམ་ཞིང་དག་མ་ལུས་པ་གདོད་མ་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པ་ཡིན་པའི་ཕྱིར།
Special wisdom: The subject - the sixth ground bodhisattva who illuminates the appearance of suchness with the light of intelligence analysing in the ways previously explained - through the force of conventional truth (i.e. conventionally) go towards (i.e. enter into) cessation and, just like a kurura fruit in the palm of their hand, they directly realise the three realms and pure-realms without exception to be primordially lacking inherent production.
ཡང་དེ་ཆོས་ཅན། འགོག་པ་ལ་སྙོམས་པར་འཇུག་ཀྱང་འགྲོ་བ་སྐྱོབ་པའི་བསམ་པ་འདོར་བ་མ་ཡིན་ཏེ།
རྟག་ཏུ་འགོག་པ་འོད་གསལ་དུ་གཏོགས་པའི་བསམ་པ་དང་ལྡན་པ་ཡིན་མོད་ཀྱི། འགྲོ་བ་མགོན་སྐྱབས་མེད་པ་ལ་སྙིང་རྗེའང་བསྐྱེད་པ་སྟེ་འཕེལ་བར་བྱེད་པའི་ཕྱིར།
Special method: That subject, despite entering absorption into cessation, they do not discard the intention to protect migrators because despite always possessing the intention in relation to cessation (i.e. clear light) they also generate (i.e. increase) their compassion for protector-less migrators.
དེ་ཆོས་ཅན། ས་དྲུག་པ་དེའི་གོང་སྟེ་ས་བདུན་པ་ཐོབ་པ་ན་བདེ་བར་གཤེགས་པའི་གསུང་ལས་སྐྱེས་པའི་ཉན་ཐོས་དང་།
སངས་རྒྱས་འབྲིང་པོ་སྟེ་རང་རྒྱལ་དང་བཅས་པ་མ་ལུས་པ་རྣམས་ནི་ཤེས་རབ་བློ་ཡི་སྟོབས་ཀྱིས་ཕམ་པར་བྱེད་པ་སྟེ་ཟིལ་གྱིས་གནོན་པ་ཡིན་ཏེ།
ས་བདུན་པ་དེའི་ཚེ་འགོག་པ་ལ་སྐད་ཅིག་རེ་རེ་ཞིང་འཇུག་སྡང་བྱེད་ནུས་པའི་ཕྱིར།
That subject, above the sixth ground (i.e. when they attain the seventh ground) they defeat (i.e. outshine) through the force of intelligence (i.e. wisdom) the Hearers born from the Sugatas' speech as well as the Middling Buddhas (i.e. Solitary-Realisers) without exception because on the seventh ground they are able to enter into and arise from cessation in every moment.
See: Verse 6.226
བྱང་སེམས་ས་དྲུག་པ་བ་དེ་ཆོས་ཅན། ཐབས་ཤེས་ཆ་ཚང་བའི་ལམ་གྱིས་རང་གཞན་རྣམས་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པ་ཡིན་ཏེ།
ཀུན་རྫོབ་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་དང་། དེ་ཁོ་ན་ཉིད་རྟོགས་པའི་ཟབ་པའི་ལམ་གྱི་རིམ་པའི་གཡས་གཡོན་གཤོག་པ་ཡངས་པ་ལ་རང་དོན་ཡིད་བྱེད་དང་།
བདེན་འཛིན་གྱི་དྲི་མས་མ་གོས་པའི་དཀར་པོ་རྒྱས་པར་གྱུར་པའི་ངང་པའི་རྒྱལ་པོ་ཁྱོད་ནི་གདུལ་བྱའི་སྐྱེ་བོ་ངང་པ་ཡོན་ཏན་ཕུལ་དུ་བྱུང་བ་དུ་མ་སྐྱེད་པ་རྣམས་ཀྱི་མདུན་དུ་བདར་ནས་དེ་དག་དང་ལྷན་ཅིག་སྔོན་ཡང་ཡང་གོམས་པའི་དགེ་བའི་རླུང་གི་ཤུགས་ཆེན་པོའི་སྟོབས་ཀྱིས་རྒྱས་པའི་ཡོན་ཏན་ཟད་མི་ཤེས་ཤིང་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོའི་ཕ་རོལ་མཆོག་ཏུ་འགྲོ་བ་ཡིན་པའི་ཕྱིར།
The subject - the sixth ground bodhisattva - by means of the path complete with method and wisdom, they cause themselves and others to progress to the Buddha-ground because you - the king of swans with wings that are vast (consisting of the vast stages of the paths of conventionalities and the subtle stages of the path of realising suchness) and white (unstained by engagement with one's own welfare or the apprehension of true existence) - lead the swan-like disciples who have generated many excellent qualities and together with them proceed to the supreme far shore of the great ocean of inexhaustible and limitless qualities through the strong force of the wind of prior familiarisation with virtue.
འདིར་ངང་པའི་རྒྱལ་པོ་ས་སྲུང་དང་ངང་པའི་བློན་པོ་བཞིན་བཟང་གཉིས་ཀྱིས།
ངང་པའི་རྟེན་ལའང་གཞན་གྱི་དོན་སྒྲུབ་ཚུལ་སྟོན་པའི་འཁྲུངས་རབས་ནས་བྱུང་བ་དཔེར་མཛད་པའོ།
This illustrates the example found in the Jātakamālā, indicating how the King of Swans, Dhṛtarāṣṭra [actually: the Bodhisattva], and the swan-minister, Sumukha [actually: Ānanda], accomplished the welfare of others even while in the bodies of swans.
Up a level: Madhyamaka