Summary of four refutations by Candrakirti (JS)
ཟླ་བས་རང་རིག་ལུང་རིགས་གཉིས་ཀྱིས་བཀག་སྟེ། ལུང་ལང་གཤེགས་དང་གཙུག་རིན་གྱི་མདོས་བཀག་ཅིང་། རིགས་པ་བཞི་སོགས་ཀྱིས་བཀག་པའི་ཕྱིར།
Candrakirti refutes self-knowers through both scriptures and reasoning because 1) he refutes them using the Laṅkāvatāra and the Ratnakūṭa Sutras and 2) he refuted them using the four reasonings and so forth.
That follows because: དེར་ཐལ།
- Refutation through the proof and probandum being the same
རིགས་པ་དང་པོ་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པས་བཀག - Even allowing for the existence of self-knowers, memory of other is impossible
གཉིས་པ་རང་རིག་གྲུབ་ཏུ་ཆུག་ཀྱང་རང་མཚན་གྱིས་གཞན་ལ་དྲན་པ་མི་སྲིད་པས་བཀག - Although self-knowers do not exist, the way memory is produced
གསུམ་པ་རང་རིག་མེད་ཀྱང་དྲན་པ་སྐྱེ་བའི་ཚུལ་དང་། - The consequence that agent and object become one. བཞི་པ་བྱ་བྱེད་གཅིག་ཏུ་ཐལ་བས་བཀག་པ་དེའི་ཕྱིར།
རྟགས་དང་པོ་གྲུབ་སྟེ། རང་རིག་གིས་བཟུང་བ་ལྟ་བུའི་གཉིས་སྣང་རགས་པ་ནུབ་པའི་དྲན་པ་ཡང་མི་སྲིད་ན་དེ་རྒྱུ་མཚན་དུ་བྱས་ནས་རང་རིག་སྒྲུབ་མི་ཐུབ་པའི་ཕྱིར་ཏེ།
The first is established because if a memory where coarse dualistic appearances have subsided in the way they have been apprehended by self-knowers is impossible, then using that as a reason is not able to prove self-knowers; because...
དཔེར་ན་སྒྲ་རྩོད་གཞིར་བྱས་ནས་རྟག་པར་སྒྲུབ་པ་ལ་མིག་ཤེས་ཀྱི་གཟུང་བྱ་བཀོད་པ་བཞིན་ཡིན་པའི་ཕྱིར།
For example, it is like stating "apprehended-object of the eye-consciousness" to prove permanence, taking sound as the basis of debate.
རྩ་བར། མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན། །ཞེས་གསུངས་པའི་ཕྱིར།
This is because the Root text says: These non-established do not function to prove. [v6.73]
རྟགས་གཉིས་པ་གྲུབ་སྟེ། དེ་གཉིས་རང་མཚན་གྱིས་གཞན་ཡིན་པའི་ཕྱིར།
དཔེར་ན་རྒྱུད་ཐ་དད་པའི་ལྷས་བྱིན་གྱིས་རང་གིས་མ་བྱས་པའི་མཆོད་སྦྱིན་གྱི་བྱ་བ་མི་དྲན་པ་བཞིན་ནོ། རྟགས་ཁས།
The second is established because those two are other by own-character. For example, just like Devadatta does not remember Yajñadatta's actions that [Devadatta] himself did not do. You asserted the reason.
ཁྱབ་སྟེ། རང་མཚན་གྱིས་གཞན་ལ་རྒྱུད་གཅིག་མི་རུང་བར་བཤད་ཟིན་པའི་ཕྱིར།
There is pervasion because it has already been explained that things that are other by own-character are not suitable to be a single continuum.
རྩ་བར། དེ་ལྟའང་དྲན་པའི་དྲན་པ་རིགས་མིན་ཏེ། གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། །ཞེས་གསུངས་པའི་ཕྱིར།
This is because the Root text says: A memory remembering as such is not suitable because of being different; just like in the continuum of one who does not know. [v6.74]
རྟགས་གསུམ་པ་གྲུབ་སྟེ། རང་རིག་མེད་ཀྱང་ངས་སྔར་ཨུཏྤལ་སྔོན་པོ་མཐོང་ངོ་སྙམ་པའི་དྲན་པ་སྐྱེ་བའི་ཕྱིར།
The third reason is established because although self-knowers do not exist, a memory thinking "Earlier, I saw a blue utpala" is produced.
That follows because དེར་ཐལ།
- The earlier eye-consciousness perceiving blue and the later consciousness remembering it are not inherently different; སྔར་སྔོན་པོ་མཐོང་པའི་མིག་ཤེས་དང་ཕྱིས་དྲན་པའི་ཤེས་པ་གཉིས་རང་བཞིན་གྱིས་སོ་སོ་ཡང་མིན་ལ།
- It is possible to posit "my eye-consciousness saw..." as "I saw..."; and
ངའི་མིག་ཤེས་ཀྱིས་མཐོང་བ་ངས་མཐོང་བར་འཇོག་ནུས་ཤིང་། - Since the utpala seen by the earlier eye-consciousness and the utpala remembered by the later memory are equally operating wrt the same object, it is remembered as such.
སྔར་མིག་ཤེས་ཀྱིས་མཐོང་བའི་ཨུཏྤལ་དང་ཕྱིས་ཀྱི་དྲན་ཤེས་ཀྱིས་དྲན་པའི་ཨུཏྤལ་གཉིས་དོན་གཅིག་ལ་འཇུག་པར་མཚུངས་པས་དེ་ལྟར་དྲན་པ་ཡིན་པའི་ཕྱིར།
དེར་ཐལ། ཁྱོད་ཀྱིས་རང་རིག་ལ་དཔྱད་པ་ལྟ་བུའི་དཔྱད་པ་ཞིབ་མོས་མཐོང་དྲན་སོགས་མི་རུང་ཡང་མ་བརྟགས་མ་དཔྱད་པའི་འཇིག་རྟེན་གྱི་ཐ་སྙད་ཀྱི་ལུགས་ལ་
མཐོང་དྲན་གྱི་ཡུལ་གཅིག་པ་དང་། ངའི་མིག་ཤེས་ཀྱིས་མཐོང་བ་ན་ངས་མཐོང་བར་འཇོག་པ་ལ་གྲུབ་མཐའ་སྨྲ་བ་ཀུན་མཐུན་པའི་ཕྱིར།
That follows because through your detailed analysis wrt self-knowers, perception and memory and so forth become unsuitable; whereas, in the system of worldly conventions that are uninvestigated and unanalysed, there is accordance with all proponents of tenets in that perception and memory have the same object and that when my eye-consciousness perceived, it can be posited as "I perceive".
རྩ་བར། དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། ཞེས་གསུངས་པའི་ཕྱིར།
This is because the Root text says: Since this memory that is other does not exist for me, there will be the memory "I perceived"; this is also the system of worldly conventions. [v6.75]
འདིར་མཐོང་དྲན་ཡུལ་གཅིག་པར་བཤད་པ་དང་བཞི་བརྒྱ་པའི་འགྲེལ་པར་རྣམ་ཤེས་གཉིས་ཀྱིས་དོན་གཅིག་མི་ཤེས་པར་བཤད་པ་མི་འགལ་ཚུལ་འོག་ཏུ་བཤད་པར་བྱའོ།
རྟགས་བཞི་པ་གྲུབ་སྟེ། གཉིས་སྣང་མེད་པའི་མྱོང་ཙམ་ལ་རང་རིག་གོ
ཞེས་རིག་བྱ་ལས་དང་རིག་པར་བྱེད་པའི་བྱེད་པ་གཉིས་འཇོག་ན་བྱ་བྱེད་ལས་གསུམ་གཅིག་ཏུ་ཐལ་བའི་སྐྱོན་འཇུག་པའི་ཕྱིར།
The fourth sign is established because if it is posited that "mere non-dualistic experience is self-knowing" to be the known-object and the agent of knowing, then it would incur the fault that consequently object, agent, and action would become one.
དེར་ཐལ། དེ་ལྟར་ན་བྱ་བྱེད་ལས་གསུམ་གཅིག་ཏུ་འགྱུར་བར་མ་ཟད་དེ་འདྲའི་མྱོང་ཙམ་ལ་ཡིད་ཅི་ཙམ་གཏད་ཀྱང་བྱ་བྱེད་ལས་གསུམ་གྱི་རྣམ་པ་མི་འཆར་བའི་ཕྱིར།
རྟགས་ཁས།
That follows because in that case not only would object, agent, and action would become one, but no matter how much one turns the mind towards such mere experience, the aspects of object, agent, and action will not appear.
ཁྱབ་སྟེ། རྣམ་པ་མི་འཆར་བ་ལ་སེམས་ཀྱི་ཐ་སྙད་མི་ཐུབ་པའི་ཕྱིར། དཔེར་ན་རྡུལ་ཕྲ་རབ་ལ་ཆ་མེད་པའི་ཐ་སྙད་བཞིན་ནོ།
There is pervasion because that to which an aspect does not appear does not get the term "mind"; for example, just like subtle atoms and the term "partless".
རྩ་བར། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །ཞེས་དང་། རང་འགྲེལ་ལས། མ་བཟུང་བ་ལ་ཡོད་པ་ཉིད་མེད་དོ། །ཞེས་དང་། བདག་གཉིས་རང་འགྲེལ་ལས་ཀྱང་། ཤེས་པའི་བདག་ཉིད་ལ་ནི་རྡུལ་ཕྲ་རབ་དང་གཉིས་པོ་མེད་པའི་དངོས་པོའི་ངོ་བོ་མི་སྣང་ངོ་། །མི་སྣང་བ་ལ་ནི་ཐ་སྙད་མེད་དོ།།
ཞེས་གསུངས་པའི་ཕྱིར། འདི་ལང་གཤེགས་ཀྱི་རིགས་པའོ།
This is because the Root text says: Since the agent, object and action are not one, that is not established as experiencing that. [v7.76]
The Autocommentary says: "The non-apprehended are not existents." and the section on the two selves says: "In terms of the nature of consciousness, the nature of things that are the non-existent subtle particles and the two do not appear; that which does not appear does not exist conventionally."
This is the reasoning of the Lankavatara sutra.
Up a level: Refuting self-knowers as the proof of other-powered natures