Surpassing ethics on the second ground

བྱང་སེམས་ས་གཉིས་པ་བ་ཆོས་ཅན། རྨི་ལམ་དུ་ཡང་ཚུལ་ཁྲིམས་འཆལ་བའི་དྲི་མ་མཐའ་དག་སྤངས་པ་ཡིན་ཏེ།
ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ཆེས་ལྷག་པ་ཐོབ་པ་ལ་གནས་པའི་བྱང་འཕགས་ཡིན་པའི་ཕྱིར།
The subject - the second ground Bodhisattva - they have abandoned all stains of faulty ethics even in dreams because of being an Arya Bodhisattva abiding in the attainment of the surpassing practice of the perfection of ethics.

ཚུལ་ཁྲིམས་ཀྱི་འཁོར་གསུམ་རང་བཞིན་གྱིས་གྲུབ་པར་ལྟ་བའི་གང་ཟག་ཡིན་ན་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་མི་ལྡན་པས་ཁྱབ།
If it it a person viewing the three spheres of ethics as inherently established, then they are pervaded by not possessing the supramundane perfection of ethics.

དེས་ན་བྱང་སེམས་ས་གཉིས་པ་བ་ཆོས་ཅན། ཚུལ་ཁྲིམས་ཀྱི་འཁོར་གསུམ་རང་བཞིན་གྱིས་གྲུབ་པར་ལྟ་བའི་གང་ཟག་མ་ཡིན་ཏེ།
ཁྱོད་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཐོབ་པ་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར།
Therefore, the subject - the second ground Bodhisattva - they are not a person viewing the three spheres of ethics as inherently established because they are a Bodhisattva abiding in the attainment of the supramundane perfection of ethics.


Up a level: Madhyamaka