Ten equalities

Brief indication:

  1. Equality of all phenomena as lacking signs ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད།
    The various signs of all phenomena (blue, yellow, and so forth) being equally non-existent from the perspective of the Arya's meditative equipoise directly realising emptiness.
    སྔོ་སེར་ལས་སོགས་པའི་ཆོས་ཐམས་ཅད་ཀྱི་མཚན་མ་མི་འདྲ་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་གི་གཟིགས་ངོར་མེད་པ་མཉམ་པ་ཉིད།
  2. Equality of all phenomena as lacking character ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད།
    All phenomena being equally without existence by way of own-character.
    ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མེད་པར་མཉམ་པ་ཉིད་དེ་མཉམ་ཉིད།

Apply those two to the remaining eight (using third as e.g.):

In terms of the second:

  1. Past and present phenomena being equally inherently unproduced
    འདས་པ་དང་ད་ལྟར་གྱི་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་མཉམ་པ།
  2. Things that will be and have been produced being equally empty of being inherently established
    (Isolated དབེན་པ།) དངོས་པོ་སྐྱེ་འགྱུར་དང་སྐྱེས་པ། རང་བཞིན་གྱིས་གྲུབ་པས་སྟོང་པར་མཉམ་པ།
  3. All phenomena being primordially pure of being inherently established
    ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་གྲུབ་པས་རྣམ་པར་དག་པ།

In terms of the first:

  1. All phenomena being equally without elaborations of dualistic appearances from the perspective of emptiness for the Arya's meditative equipoise that is in single-pointed meditative equipoise on emptiness ཆོས་ཐམས་ཅད་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་འཕགས་པའི་མཉམ་གཞག་གིས་སྟོང་ཉིད་གཟིགས་པའི་གཟིགས་ངོར་
    གཉིས་སྣང་གི་སྤྲོས་པ་མེད་པར་མཉམ་པ།

Ambiguous:

  1. All phenomena being equally non-adopted and non-discarded ultimately
    ཆོས་ཐམས་ཅད་དོན་དམ་པར་བླང་བ་མེད་པ་དང་། དོར་བ་མེད་པར་མཉམ་པ།
  2. All phenomena being equally empty of being inherently established, like an illusion, a dream, an optical illusion, an echo, the reflection of the moon in water, a reflection, and an emanation
    ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་།
    སྤྲུལ་པ་ལྟ་བུར་རང་བཞིན་གྱིས་གྲུབ་པས་སྟོང་པར་མཉམ་པ་ཉིད།
  3. Compounded phenomena (things) and uncompounded phenomena (non-things) being equally lacking inherent existence འདུས་བྱས་ཀྱི་ཆོས་དངོས་པོ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་དངོས་མེད་དུ་རང་བཞིན་མེད་པར་མཉམ་པ།
    (Non-duality of things and non-things དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པ།)

The terms "optical illusion" (མིག་ཡོར།) and "reflection" (གཟུགས་བརྙན།) can mean the same thing, as explained in Gyaltsab's Ornament of the Essence (see: Seven illustrations of emptiness), but in this context they are not the same since they are counted separately. Therefore, "optical illusion" can be explained as any among:


སྔར་བཤད་པའི་མཉམ་ཉིད་བཅུའི་ནང་ནས་འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་མཉམ་པ་ཉིད་བསྟན་བཅོས་འདིར་གཙོ་བོར་གཏན་ལ་འབེབས་པ་ཡིན།
Among these ten equalities, it is the equality of all compounded phenomena being without inherent production (3) that is mainly settled in this treatise.

འདི་ལ་ཆོས་ཀྱི་བདག་མེད་རིགས་པས་སྒྲུབ་པ་དང་། གང་ཟག་གི་བདག་མེད་རིགས་པས་སྒྲུབ་པ་གཉིས།
Regarding this, there are two:

  1. Proving the selflessness of phenomena through reasoning
  2. Proving the selflessness of persons through reasoning

དང་པོ་ནི། དེ་ཡང་བདག་མེད་སྒོམ་པའི་རིམ་པ་ལ་དང་པོར་གང་ཟག་གི་བདག་མེད་སྒོམ་པར་བྱེད་ཀྱང་།
བསྟན་བཅོས་འདིར་ནི་རྟོགས་དཀའ་སླའི་རིམ་པའི་དབང་དུ་བྱས་ནས་ཐོག་མར་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པར་བྱེད་ལ།
Regarding the first, although in terms of the order of cultivating selflessness the selflessness of persons is cultivated first, the selflessness of phenomena is settled first in this treatise in terms of the order of difficulty of realisation.

དེ་ཡང་དངོས་སྨྲ་བ་རྣམས་ཀྱི་འདུས་བྱས་རང་བཞིན་གྱིས་གྲུབ་པར་འཛིན་པའི་ལོག་རྟོག་འགོག་དཀའ་ཞིང་། དེ་ཁེགས་ན་འདུས་མ་བྱས་རང་བཞིན་གྱིས་གྲུབ་པ་ཞར་ལ་
ཁེགས་པས། ཐོག་མར་ཕུང་སོགས་འདུས་བྱས་ཀྱི་ཆོས་རྣམས་ཀྱི་སྟེང་དུ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཤིང་།
Moreover, since refuting the Proponents of Things' wrong conceptions apprehending compounded phenomena to be inherently established is more difficult and if that is refuted, then uncompounded phenomena being inherently established will be automatically refuted, initially the selflessness of persons is settled on the basis of compounded phenomena.

དེ་ཡང་དངོས་སྨྲ་བས་འདུས་བྱས་ལ་སྐྱེ་འཇིག་གནས་གསུམ་མཐོང་བའི་རྒྱུ་མཚན་གྱིས་འདུས་བྱས་རང་བཞིན་གྱིས་གྲུབ་པར་འདོད་པས།
བསྟན་བཅོས་འདིར་འདུས་བྱས་རང་བཞིན་གྱིས་སྐྱེ་མེད་དུ་ཐོག་མར་གཏན་ལ་འབེབས་པར་བྱེད་ལ།
Moreover, since the Proponents of Things assert that compounded phenomena are inherently established using the reason "compounded phenomena are perceived to be produced, abide, and disintegrate", this treatise initially settles that compounded phenomena are not inherently produced.

དེ་ཡང་གཞུང་འདིས་དངོས་སུ་མཐའ་བཞི་ལས་སྐྱེ་བ་མེད་པའི་དམ་བཅའ་ཙམ་ཞིག་བསྟན་གྱི།
མཐའ་བཞི་ལས་མི་སྐྱེ་བའི་རྟགས་ཀྱིས་དངོས་པོ་རང་བཞིན་གྱིས་སྐྱེ་མེད་དུ་སྒྲུབ་པའི་རྟགས་དངོས་སུ་བསྟན་པ་མ་ཡིན།
Moreover, this treatise only explicitly indicates the thesis of non-production from the four extremes and does not explicitly indicate the sign proving things are not inherently produced using the sign "not being produced from the four extremes".

འདིར་དངོས་སུ་མཐའ་བཞི་ལས་སྐྱེ་བ་མེད་པའི་དམ་བཅའ་བཞག་པ་ཡིན་ཡང་། རང་བཞིན་གྱིས་སྐྱེ་བ་མེད་པའི་དམ་བཅའ་བཞག་ཅེས་ངེས་པར་སྨོས་དགོས་ཏེ།
རང་བཞིན་གྱིས་སྐྱེ་བ་ལ་མཐའ་བཞིའི་སྐྱེ་བ་གང་རུང་དུ་ཁ་ཚོན་ཆོད་ཅིང་། རང་བཞིན་གྱིས་སྐྱེ་བ་ཁས་ལེན་པ་རྣམས་ཀྱིས་མཐའ་བཞི་གང་རུང་གི་སྐྱེ་བ་ངེས་པར་
ཁས་ལེན་པའི་ཕྱིར་དང་། བསྟན་བཅོས་འདིར་མཉམ་ཉིད་བཅུའི་ནང་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་མཉམ་པ་ཉིད་གཙོ་བོར་གཏན་ལ་འབེབས་པས།
རང་བཞིན་གྱིས་སྐྱེ་བ་མེད་པའི་དམ་བཅའ་བཞག་ཅེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར།
Although the thesis of non-production from the four extremes is explicitly presented, it is necessary to state that the thesis of non-inherent-production is presented because:

  1. Inherent production is determined to be one among the four extremes of production and those who assert inherent production decidedly assert production from one of the four extremes; and
  2. Since this treatise mainly settles the equality of all compounded phenomena being without inherent production (from among the ten equalities), there is a purpose in stating that the thesis of non-inherent-production is presented.

Up a level: Madhyamaka