Ten Great Prayers of Bodhisattvas (JS)

འདིར་ཀུན་ཏུ་བཟང་པོའི་བསྔོ་བ་སྨོས་པའི་རྒྱུ་མཚན་ཡོད་དེ། ས་བཅུ་པ་ལས། སྨོན་ལམ་ཆེན་པོ་བཅུ་ལ་སོགས་པའི་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་ས་དང་པོ་བས་འདེབས་པར་གསུངས་པ་དེ་རྣམས་རྒྱལ་སྲས་ཀུན་བཟང་གི་སྨོན་ལམ་བཟང་སྤྱོད་དུ་འདུ་བར་ཤེས་ཆེད་ཡིན་པའི་ཕྱིར།
In this context (v1.5a), there is a reasoning for mentioning the dedications of Samantabhadra: The Sutra on the Ten Grounds states that the first grounder makes ten countless hundred-thousands of prayers, such as the ten great prayers and so forth; so it is in order for it to be understood that those are all included within the Prayer of Samantabhadra.

The ten great prayers are: སྨོན་ལམ་ཆེན་པོ་བཅུ་ཡོད་དེ། ་་་་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་རྣམས་ཡིན་པའི་ཕྱིར།

  1. To make offerings and serve all the Conquerors དང་པོ་རྒྱལ་བ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོའི་དང་།
  2. To uphold the holy dharma of all the Conquerors གཉིས་པ་རྒྱལ་བ་ཐམས་ཅད་ལས་དམ་ཆོས་བཟུང་བའི་དང་།
  3. To be near to all the Buddhas གསུམ་པ་སངས་རྒྱས་ཐམས་ཅད་ཀྱི་གམ་དུ་འགྲོ་བའི་དང་།
  4. To practice all the practices of the Conqueror Children བཞི་པ་རྒྱལ་སྲས་ཀྱི་སྤྱོད་དོ་ཅོག་ཐམས་ཅད་སྒྲུབ་པའི་དང་།
  5. To ripen all sentient beings ལྔ་པ་སེམས་ཅན་ཐམས་ཅད་སྨིན་པར་མཛད་པའི་དང་།
  6. To enter all the vast world-systems that are coarse and subtle, whether they are oppressive, expansive, and so forth དྲུག་པ་འཇིག་རྟེན་གྱི་ཁམས་རྒྱས་པ་ཕྲ་རགས་སྤྱིའུ་ཚུགས་པ་དང་ཡངས་པ་སོགས་ཡོད་དོ་ཅོག་ཏུ་འཇུག་པའི་དང།
  7. To purify all Buddha-fields བདུན་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྦྱོང་བའི་དང་།
  8. To enter the Mahayana in all practices བརྒྱད་པ་སྤྱོད་པ་ཐམས་ཅད་དུ་ཐེག་པ་ཆེན་པོར་འཛུད་པའི་དང་།
  9. That all activities are meaningful དགུ་པ་སྤྱོད་པ་ཐམས་ཅད་དོན་ཡོད་པའི་དང་།
  10. To accomplish the Mahayana in perfect complete enlightenment
    བཅུ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཐམས་ཅད་དུ་ཐེག་པ་ཆེན་པོ་མངོན་པར་སྒྲུབ་པ།

སྨོན་ལམ་ཆེན་པོ་ཡིན་ཏེ། སེམས་ཅན་དང་འཇིག་རྟེན་དང་། ནམ་མཁའ་དང་མྱང་འདས་དང་། སངས་རྒྱས་འབྱུང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཀྱི་དམིགས་པ་དང་། སངས་རྒྱས་ཡེ་ཤེས་ཀྱི་ཡུལ་དང་། རྒྱུད་དེ་དེ་རེ་རེ་ལ་ཡང་ཁམས་མཐའ་ཡས་ཞེས་སྦྱོར་བས་ཁམས་མཐའ་ཡས་པ་བཅུ་ལ་དམིགས་ནས་བསྒྲུབ་པའི་ཕྱིར།
They are great prayers due to being accomplished through observing the ten limitless realms, affixing the word "limitless realms" to each of those: sentient beings, worlds, space, nirvana, arising of the Buddhas, Buddha's exalted wisdom, the mind's observed-object, the objects of the Buddha's exalted wisdom, and the continuum.


Up a level: Surpassing prayers and arising from cessation (Gomde)