Tenth ground (Gomde)

ས་བཅུ་པ་ལ་གནས་པའི་བྱང་སེམས་དེ་ཡིས་ནི་ཆོས་ཅན། རང་རྒྱུད་ལ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཡོན་ཏན་ཁྱད་པར་ཅན་ཐོབ་སྟེ།
ཕྱོགས་རྣམས་བཅུ་པོ་ཀུན་ནས་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའེ་དབང་བསྐུར་བ་དམ་པ་སྟེ་མཆོག་ཏུ་གྱུར་པ་ཐོབ་པའི་ཕྱིར།
The subject - the bodhisattva abiding on the tenth ground - they have attained special qualities of being blessed by the Buddhas in their continuum because they attain supreme empowerment of great rays of light from the Buddhas of the ten directions.

འོ་ན། འོད་ཟེར་ཆེན་པོའི་དབང་བསྐུར་དེ་ཇི་ལྟར་ཡིན་ཞེ་ན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གཅིག་འཁོར་འོད་ཟེར་གྲངས་མེད་འབུམ་དང་བཅས་པ་བྱུང་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས། ངན་སོང་ཞི་ཞིང་བདུད་ཟིལ་གྱི་མནན་ནས་བྱང་སེམས་འདི་ལ་དབང་བསྐུར་བས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ཐོབ་ཅིང་འོད་ཟེར་རྣམས་ཀྱང་། བྱང་སེམས་དེའི་མགོ་ལ་དུས་གཅིག་ཏུ་འབབ་པར་གསུངས་སོ།
What is the empowerment of great rays of light? From the hair-treasure of all the Buddhas of the ten directions, a ray of light called "Possessing the clairvoyance of the Knower of All" arises together with numberless hundred-thousands of surrounding rays of light. Illuminating the ten directions, they pacify the lower realms, overpower the maras, and empower this bodhisattva, due to which they attain inconceivable meditative stabilisation not previously attained and the rays of light simultaneously descend upon the head of the bodhisattva.

བྱང་སེམས་ས་བཅུ་པ་བ་ཆོས་ཅན། ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པ་སྟེ་ཆེས་མཆོག་ཏུ་གྱུར་པ་ཕུལ་དུ་བྱུང་བའང་ཐོབ་པ་ཡིན་ཏེ།
དེའི་མི་མཐུན་ཕྱོགས་ཀྱི་དྲི་མས་གཏན་ནས་མ་གོས་པའི་ཚུལ་གྱིས་སྤྱོད་ནུས་པའི་ཕྱིར།
The subject - the tenth ground bodhisattva - they also attain the surpassing perfection of exalted wisdom, excellent and supreme because they are able to practice it without any contamination by the stains of its discordant class.

ཤེས་བྱ་ཆོས་ཅན། ས་བཅུ་པ་བ་ཆོས་ཀྱི་སྤྲིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
ཇི་ལྟར་ཏེ་དཔེར་ན་ཆར་སྤྲིན་རྣམས་ལས་འཇིག་རྟེན་པའི་ལོ་ཐོག་སྤེལ་བའི་སླད་དུ་ཆུ་ཆར་འབབ་པ་དེ་བཞིན་དུ། རྒྱལ་སྲས་ས་བཅུ་པ་བ་འདི་ལས་ཀྱང་
གདུལ་བྱའི་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཐོག་སྤེལ་བའི་ཆེད་དུ་ལྟུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་པ་འབེབས་པ་ཡིན་པའི་ཕྱིར།
The subject - objects of knowledge - there is a reason for referring to the tenth grounder as "cloud of dharma" because, for example, just as rain falls from rain-clouds helps worldly crops grow, this tenth grounder conqueror child makes a rain of holy dharma spontaneously fall in order to increase the crops of virtue of the migrators to be subdued.


Up a level: Madhyamaka