The faults in Bhavaviveka's position
སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་པའི་འགྲེལ་ངག་ལ་སྐྱོན་མེད་པར་མ་ཟད། ལེགས་ལྡན་འབྱེད་རང་ཉིད་ཀྱི་བདག་སྐྱེ་འགོག་པའི་འགྲེལ་ངག་ལ་སྐྱོན་ཡོད་དེ།
Not only is Buddhapalita's commentary section refuting self-production without fault, Bhavaviveka's commentary section refuting self-production itself has faults because...
དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར་ཏེ། ཤེས་པ་ཡོད་པ་ཉིད་བཞིན་ནོ།
ཞེས་དོན་དམ་གྱི་ཁྱད་པར་སྦྱར་བ་མི་འཐད་པའི་ཕྱིར་ཏེ། དོན་དམ་གྱི་ཁྱད་པར་བསྒྲུབ་བྱ་ལ་སྦྱར་བ་ཡང་མི་འཐད། ཆོས་ཅན་ལ་སྦྱར་བ་ཡང་མི་འཐད་པའི་ཕྱིར།
It is incorrect to add the qualification "ultimately" in "Ultimately, the inner-sources are not produced from self because they exist; just like the existence of consciousness." because 1) it is incorrect to add the qualification "ultimately" to the probandum and 2) it is also incorrect to add it to the subject.
ལེགས་ལྡན་འབྱེད་ན་རེ། མིག་སོགས་ནང་གི་སྐྱེ་མཆེད་རྣམས་དོན་དམ་པར་བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར། དཔེར་ན་སེམས་པ་ཅན་བཞིན་ནོ།
ཞེས་བདག་སྐྱེ་འགོག་པའི་ཚེ་དོན་དམ་གྱི་ཁྱད་པར་ངེས་པར་སྦྱོར་བ་ཡིན་ནོ། ཞེ་ན།
Bhavaviveka says: It is necessary to add the qualification "ultimately" when refuting self-production, i.e. "The inner-sources (eyes and so forth) are ultimately not produced from self because they exist; for example, like mind-possessors."
མི་རིགས་ཏེ། བསྒྲུབ་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་བ་ཡིན་ནམ། ཆོས་ཅན་ལ་དོན་དམ་གྱི་ཁྱད་པར་སྦྱོར་བ་གང་ཡིན།
This is incorrect. Is the qualification "ultimately" added to the probandum or to the subject?
In the first case, it is not suitable to add as such because: དང་པོ་ལྟར་ན་དེ་ལྟར་སྦྱོར་བ་མི་རིགས་ཏེ།
- There is no purpose in adding as such from the perspective of the Madhyamika challenger; and
དེ་ལྟར་སྦྱོར་བ་ལ་སྔ་རྒོལ་དབུ་མ་པ་ལ་ལྟོས་པའི་དགོས་པ་ཡང་མེད། - There is also no purpose in adding as such from the perspective of the Samkhya defender.
ཕྱི་རྒོལ་གྲངས་ཅན་པ་ལ་ལྟོས་པའི་དགོས་པ་ཡང་མེད་པའི་ཕྱིར།
དང་པོ་གྲུབ་སྟེ། དབུ་མ་པས་བདག་སྐྱེ་ཐ་སྙད་དུ་ཡང་འགོག་རིགས་པའི་ཕྱིར།
The first is established because it is suitable for a Madhyamika to refute self-production also conventionally.
གཉིས་པ་གྲུབ་སྟེ། བདེན་པ་གཉིས་ཆར་ལས་ཉམས་པའི་མུ་སྟེགས་པའི་ལུགས་བདེན་པ་གཉིས་ཆར་དུ་འགོག་རིགས་པའི་ཕྱིར།
The second is established because it is suitable to refute the Non-Buddhist system that has degenerated from both truths in terms of both truths.
Also no purpose to refute ordinary people because they do not talk about "self-production" or "other-production".
གཉིས་པ་ལྟར་ན་ཡང་མི་རིགས་ཏེ། སྔ་རྒོལ་དབུ་མ་པ་ལ་ལྟོས་པའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡོད་པའི་ཕྱིར་ཏེ།
ཀུན་རྫོབ་ཙམ་གྱི་མིག་སོགས་ཀྱང་ཆོས་ཅན་དུ་འཛིན་མི་རིགས་ཏེ། ཕྱི་རྒོལ་གྲངས་ཅན་ལ་ལྟོས་པའི་ཆོས་ཅན་མ་གྲུབ་པའི་སྐྱོན་དུ་འགྱུར་བའི་ཕྱིར།
In the second case, this is also unsuitable because there would be the fault of a non-established subject from the perspective of the Madhyamika defender; because it is also unsuitable to take "eyes and so forth that are mere conventionalities" as the subject because there would be the fault of a non-established subject from the perspective of the Samkhya opponent.
Later, when refuting the self of the Samkhya school (here), the ultimate qualification is added and the self is refuted both ultimately and conventionally. Why is it unnecessary here, but added in that context?
ལེགས་ལྡན་འབྱེད་ན་རེ། མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར། དཔེར་ན་སེམས་པ་ཅན་བཞིན།
ཞེས་བཀོད་པའི་ཚེ་ན། བདེན་བརྫུན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་མིག་སོགས་ཙམ།
ཆོས་ཅན་དུ་འཛིན་རིགས་ཏེ།
Bhavaviveka says: When stating "The subject - the inner-sources (eyes and so forth) - ultimately, they are not produced from self because they exist; for example, just like mind-possessors.", it is suitable to take as the subject simply "eyes and so forth" that are commonly established for both defender and opponent without qualifying it as either truth or falsity because...
དཔེར་ན། སངས་རྒྱས་པ་འོག་མས་བྱེ་བྲག་པའི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་ཚེ།
རྟག་མི་རྟག་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སྒྲ་ཙམ་ཆོས་ཅན་དུ་འཛིན་པ་ཡིན་པའི་ཕྱིར།
for example, when the lower Buddhists prove to Vaisheshikas that sound is impermanent, then they take as the subject simply "sound" that is commonly established for both defender and opponent without qualifying it as either permanent or impermanent.
Refuting the meaning: དོན་དགག་པ།
སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་གྲངས་ཅན་གྱི་ངོར་མིག་སོགས་དོན་དམ་པར་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་ཚེ།
བདེན་བརྫུན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་མིག་སོགས་ཆོས་ཅན་དུ་འཛིན་མི་རིགས་ཏེ།
When Bhavaviveka proves to the Samkhyas that eyes and so forth are ultimately not produced from self, it is unsuitable to take as the subject "eyes and so forth" that are commonly established for both the defender and opponent without qualifying those as either truth or falsity because...
དེ་ལྟར་འཛིན་རིགས་ན་མིག་སོགས་དེ་ཉིད། མིག་སོགས་ཀྱི་གནས་ལུགས་འཇལ་བའི་ཕྱིན་ཅི་མ་ལོག་པའི་ཚད་མའི་རྙེད་དོན་དང་།
གྲངས་ཅན་གྱི་རྒྱུད་ཀྱི་ཕྱིན་ཅི་ལོག་གི་ཚད་མའི་རྙེད་དོན་གྱི་གཞི་མཐུན་ཡིན་དགོས་པ་ལས། དེ་དེ་མ་ཡིན་པའི་ཕྱིར།
If it were suitable to take such [a subject], then 1) just "eyes and so forth" would need to be a common locus of a) the non-erroneous object found by valid cognition cognising the mode of abiding of eyes and so forth and b) the erroneous object found by valid cognition in the continua of Samkhyas; however, 2) those are not that.
དང་པོ་དེ་ལྟར་དགོས་ཏེ། དེ་ལྟར་འཛིན་ན་མིག་སོགས་དེ་མིག་སོགས་ཀྱི་གནས་ལུགས་འཇལ་བའི་ཕྱིན་ཅི་མ་ལོག་པའི་ཚད་མའི་རྙེད་དོན་ཡང་ཡིན་དགོས།
དེ་ལྟར་འཛིན་ན་དེ་གྲངས་ཅན་གྱི་རྒྱུད་ཀྱི་ཕྱིན་ཅི་ལོག་གི་ཚད་མའི་རྙེད་དོན་ཡང་ཡིན་དགོས་པའི་ཕྱིར།
The first [part of the sign] is necessary because 1) if such [a subject] is taken, then "eyes and so forth" would need to be the non-erroneous object found by valid cognition cognising the mode of abiding of eyes and so forth and 2) if such [a subject] is taken, then those would need to be the erroneous object found by valid cognition in the continua of Samkhyas.
ཕྱི་མ་གྲུབ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། གྲངས་ཅན་གྱི་ངོར་མིག་སོགས་དོན་དམ་པར་བདག་ལས་མི་སྐྱེ་བར་སྒྲུབ་པའི་ཚེ།
སློབ་དཔོན་དང་གྲངས་ཅན་གཉིས་ལ་མིག་སོགས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་ཡོད་པའི་ཕྱིར།
The latter is established because when Bhavaviveka proves to the Samkhyas that eyes and so forth ultimately are not produced from self, there exists a mode in which eyes and so forth are established by valid cognition that is common to both the Acarya and the Samkhyas.
རྟགས་དང་པོ་མིག་སོགས་དེ་མིག་སོགས་ཀྱི་གནས་ལུགས་འཇལ་བའི་ཚད་མའི་རྙེད་དོན་མ་ཡིན་ནོ། ཞེ་ན།
If the first reason is not established, i.e. eyes and so forth are not the object found by valid cognition cognising the mode of abiding of eyes and so forth, then...
དེ་ཆོས་ཅན། ཁྱོད་མིག་སོགས་ཀྱི་གནས་ལུགས་འཇལ་བའི་ཚད་མའི་རྙེད་དོན་ཡིན་པར་ཐལ། ཁྱོད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། རྟགས་ཁས།
That subject, it follows that they are the object found by valid cognition cognising the mode of abiding of eyes and so forth because they are established by way of their own-characteristics. You asserted the reason.
Refuting the example: དཔེ་དགག་པ།
The two:
- When lower Buddhists prove to Vaisheshikas that sound is impermanent, taking as the subject just "sound" that is commonly established for both defender and opponent without qualifying it as either permanent or impermanent; and སངས་རྒྱས་པ་འོག་མས་བྱེ་བྲག་པའི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་ཚེ།
རྟག་མི་རྟག་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སྒྲ་ཙམ་ཆོས་ཅན་དུ་འཛིན་པ་དང་། - When Bhavaviveka proves to the Samkhyas that eyes and so forth ultimately are not produced from self, taking as the subject just "eyes and so forth" that are commonly established for both the defender and opponent without qualifying those as either truth or falsity...
སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། གྲངས་ཅན་གྱི་ངོར་མིག་སོགས་དོན་དམ་པར་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་ཚེ།
བདེན་བརྫུན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་སྔ་རྒོལ་ཕྱི་རྒོལ་གཉིས་ལ་མཐུན་སྣང་དུ་གྲུབ་པའི་མིག་སོགས་ཙམ་ཆོས་ཅན་དུ་འཛིན་པ།
དཔེ་དོན་མཚུངས་པ་མ་ཡིན་ཏེ། དཔེ་དེ་ལྟར་རིགས་ཤིང་། དོན་གྱི་འཛིན་ཚུལ་དེ་ལྟར་མི་རིགས་པའི་ཕྱིར་རོ།
Are not similar as example and meaning because the example is correct whereas the meaning is incorrect.
Up a level: Refuting production from self