The intention of Candrakirti's Four Hundred Verses about feelings (Jetsunpa)

ཁ་ཅིག ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཡིད་མངོན་དུ་འཇོག་ཟེར་ན།
Someone says: The three [types of mental factor of] feeling - pleasant, unpleasant, and neutral - is posited as mental direct perception.

ཚོར་བ་བདེ་བ་ཡིན་ན་རང་ཡུལ་དུ་གྱུར་པའི་བདེ་བ་མངོན་སུམ་དུ་རྟོགས་པས་ཁྱབ་པ་དང་།
ཚོར་བ་བཏང་སྙོམས་ཡིན་ན་རང་ཡུལ་དུ་གྱུར་པའི་བཏང་སྙོམས་མངོན་སུམ་དུ་རྟོགས་པས་ཁྱབ་པ་དང་།
དེ་སྡུག་བསྔལ་ཡིན་ན་དེར་གྱུར་པའི་སྡུག་བསྔལ་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར།
Answer: It follows that:

Because that assertion is feasible.

འདོད་ན། དབང་ཤེས་འཁོར་གྱི་ཚོར་བ་བདེ་བ་ཆོས་ཅན། རང་ཡུལ་དུ་གྱུར་པའི་ཚོར་བ་བདེ་བ་མངོན་སུམ་དུ་རྟོགས་པར་ཐལ། ཚོར་བ་བདེ་བ་ཡིན་པའི་ཕྱིར།
If accepted: The subject - the pleasant feeling in the retinue of sense consciousness - it follows that it directly realises the pleasant feeling that is its object because it is a pleasant feeling.

འདོད་མི་ནུས་ཏེ། བདེ་བ་དང་གཟུགས་ཀྱི་སྐྱེ་མཆེད་གཉིས་ཀྱི་ནང་ནས་གཟུགས་ཀྱི་སྐྱེ་མཆེད་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ།
གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །ཞེས་སོགས་བཤད་པའི་ཕྱིར།
You cannot accept because from among the two - pleasure and form-source - it is an object-possessor only of form-source; because [Pramanavartika] explains "One does not know two" and so forth.

གཞན་ཡང་། དེ་ཆོས་ཅན། ཡིད་མངོན་མ་ཡིན་པར་ཐལ། དབང་མངོན་ཡིན་པའི་ཕྱིར་ཏེ། དབང་ཤེས་དང་མངོན་སུམ་གྱི་གཞི་མཐུན་ཡིན་པའི་ཕྱིར།
Moreover, that subject, it follows that it is not mental direct perception because it is sense direct perception; because it is the common locus of sense-consciousness and direct perception.


ཁོ་ན་རེ། ཡིད་ཤེས་སུ་གྱུར་པའི་ཚོར་བ་བདེ་བ་ལ་དགོངས་པ་ཡིན་ཟེར་ན།
Someone says: The intention is the pleasant feelings that are mental consciousness.

ཡིད་ཤེས་འཁོར་གྱི་ཚོར་བ་བདེ་བ་ཡིན་ན་རང་ཡུལ་དུ་གྱུར་པའི་བདེ་བ་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ་ལོ།
Answer: It follows that if it is a pleasant feeling in the retinue of mental consciousness, then it is pervaded by directly realising the pleasure that is its object.

འདོད་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དུ་གྱུར་པའི་བདེ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར།
If accepted: The subject - the pleasure that is the uninterrupted path of the Mahayana path of seeing - that follows because of that; because that exists.

མ་གྲུབ་ན། དེའི་འཁོར་དུ་གྱུར་པའི་ཚོར་བ་མེད་པར་ཐལ། དེ་འདྲའི་ཚོར་བ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད། བཏང་སྙོམས་ཀྱང་མེད་པའི་ཕྱིར།
If reason not established, then it follows that the feeling that is in its retinue does not exist because such a pleasant feeling does not exist, such an unpleasant feeling does not exist, and such a neutral feeling also does not exist.

ཕྱི་མ་མ་གྲུབ་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དུ་གྱུར་པའི་ཚོར་བ་བཏང་སྙོམས་ཆོས་ཅན། དེར་ཐལ། དེའི་ཕྱིར།
If the last is not established, then the subject - the neutral feeling that is the uninterrupted path of the Mahayana path of seeing - that follows because of that.

འདོད་ན། ཁྱོད་ཀྱི་དངོས་ཡུལ་དུ་གྱུར་པའི་དངོས་པོ་ཡོད་པར་ཐལ་ལོ། འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར།
If accepted: It follows that a functioning thing that is its explicit object exists.
You cannot accept because of that subject.


ཁ་ཅིག དེ་རྟོག་པར་གྱུར་པའི་ཡིད་ཤེས་འཁོར་གྱི་ཚོར་བ་ལ་དགོངས་པ་ཡིན་ནོ་ཞེ་ན།
Someone says: The intention is feelings in the retinue of conceptual mental consciousnesses.

རྟོག་པར་གྱུར་པའི་ཚོར་བ་བདེ་བ་ཡིན་ན་རང་ཡུལ་དུ་གྱུར་པའི་བདེ་བ་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར།
Answer: It follows that if it is a pleasant feeling that is a conceptual consciousness, then it is pervaded by directly realising the pleasure that is its object because that assertion is feasible.

འདོད་ན། དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་སུ་གྱུར་པའི་ཚོར་བ་མེད་པར་ཐལ།
དེར་གྱུར་པའི་ཚོར་བ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད། བཏང་སྙོམས་ཀྱང་མེད་པའི་ཕྱིར།
If accepted: It follows that a feeling that is an exalted wisdom of the great supreme dharma level of the path of preparation of one who has not previously proceeded through the Hinayana path that is in single-pointed meditative equipoise on emptiness does not exist because such a pleasant feeling does not exist, such an unpleasant feeling does not exist, and such a neutral feeling also does not exist.

ཕྱི་མ་མ་གྲུབ་ན། དེ་འདྲའི་ཚོར་བ་བཏང་སྙོམས་ཆོས་ཅན། དེར་ཐལ། དེའི་ཕྱིར།
If the last is not established, then the subject - such a neutral feeling - that follows because of that.

འདོད་ན། ཁྱོད་ཀྱི་དངོས་ཡུལ་དུ་གྱུར་པའི་དངོས་པོ་ཡོད་པར་ཐལ་ལོ། འདོད་མི་ནུས་ཏེ། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་སློབ་པའི་ཡེ་ཤེས་ཡིན་པའི་ཕྱིར།
If accepted: It follows that a thing that is its explicit object exists.
You cannot accept because it is a learner's exalted wisdom that is in single-pointed meditative equipoise on emptiness.


རང་ལུགས་ནི། བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་པའི་ཡིད་ཤེས་འཁོར་གྱི་ཚོར་བ་ལ་དགོངས་པ་ཡིན་ནོ།
Our own system: The intention is the feelings in the retinue of conceptual mental consciousnesses that do not realise coarse or subtle selflessness.


སྐབས་འདིའི་ཟག་བཅས་ཀྱི་བདེ་བ་དེ་ཚོར་བ་ཁོ་ན་མིན་ལ་དེ་མཚུངས་ཀྱི་སེམས་སེམས་བྱུང་ཡུལ་ཟག་བཅས་ཐམས་ཅད་དེའི་མཚན་གཞིར་འཇོག་པའི་ཕྱིར།
(JS:) The contaminated pleasure in this context is not only feelings; also the minds and mental factors concomitant with that, as well as all contaminated phenomena can be posited as its illustration.

དེར་ཐལ། དེ་རྣམས་ཟག་བཅས་ཀྱི་བདེ་བ་དང་། འགྱུར་བའི་སྡུག་བསྔལ་གྱི་གཞི་མཐུན་ཡིན་པའི་ཕྱིར།
That follows because those are a common locus of 1) contaminated pleasure and 2) suffering of change.

ལམ་རིམ་འབྲིང་ལས། དེ་ཡང་ཚོར་བ་དེ་ཁོ་ན་མིན་གྱི་དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་གཞན་རྣམས་དང་།
གང་ལ་དམིགས་ནས་སྐྱེས་པའི་ཡུལ་ཟག་བཅས་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་ལོ། ཞེས་གསུངས་པའི་ཕྱིར།
This is because Middling Lamrim says: "Moreover, it is not only the feeling. The minds and mental factors concomitant with that, as well as the contaminated objects upon observation of which they arise are also suffering of change."


Previous: Unique Prasangika presentation of mental direct perception (Panchen)
Next: Summary of Prasangika mental direct perception


Up a level: Mental direct perception