The mental continuum of sentient beings is individual (Panchen)

མདོ་ལས། སེམས་ཅན་རྣམས་རྣམ་པར་ཤེས་པ'ི་རྒྱུད་རེ་རེ་བའོ།
Sutra says: The mental continuum of sentient beings is individual.


འོ་ན། འགྲེལ་པར། རྣམ་པར་ཤེས་པ་ཨུད་པ་ལའི་འདབ་མ་བརྒྱ་འབིགས་པ་ལྟར་རིམ་གྱིས་འབྱུང་བ་རྣམས་འཇུག་པ་མྱུར་བས་ཅིག་ཅར་དུ་འཇུག་པ་ལྟ་བུར་
མངོན་པ་ཡིན་ནོ་ཞེས་གསུངས་པའི་དོན་གང་ཞེ་ན།
The Autocommentary says: Just like a hundred utpala petals being pierced [by an arrow], consciousness that arise sequentially appear to operate simultaneously due to their quick operation.

What is the meaning of this?

ཛཱ་ཡ་ཨནཏན་ན་རེ། ཕ་རོལ་པོས་གང་ཟག་གཅིག་གི་རྒྱུད་ལ་ཡུལ་ལྔ་འཛིན་པའི་རྣམ་ཤེས་རྫས་ཐ་དད་པ་ལྔ་ཡོད་པར་ཐལ། གར་མཁན་གྱི་གདོང་དང༌།
གླུ་སོགས་ཡུལ་ལྔ་འཛིན་པའི་རྣམ་ཤེས་ཅིག་ཅར་དུ་སྐྱེ་བ་ཡོད་པའི་ཕྱིར། ཞེས་ཕྱོགས་སྔ་བཀོད་ནས་ལན་དུ་སྐྱོན་མེད་དེ།
ཤེས་པ་ལྔ་པོ་རིམ་གྱིས་འབྱུང་ཡང་འཇུག་པ་མྱུར་བས་ཅིག་ཅར་དུ་སྐྱེ་བར་འཁྲུལ་བའི་ཕྱིར། དཔེར་ན། མདའ་གཅིག་གིས་ཨུད་པ་ལའི་འདབ་མ་བརྒྱ་ཕུག་པའི་ཚེ།
རིམ་གྱིས་ཕུག་པ་ཡིན་ཡང༌། འབིགས་པ་མྱུར་བས་ཅིག་ཅར་དུ་འབིགས་པར་སྣང་བ་བཞིན་ཞེས་ཟེར།
Jayananda explains:
If someone says: "It follows that five consciousnesses of different substance apprehending the five objects exist in the continuum of a single person because consciousnesses apprehending the five objects (the face of the dancers, their songs, and so forth) are produced simultaneously."
Response: There is no such fault because although those five consciousnesses arise sequentially, due to their quick operation, they are mistaken to arise simultaneously. For example, when an arrow pierces a hundred utpala petals, although they are sequentially pierced, since the piecing is quick, it appears to be simultaneous.

མི་འཐད་དེ། རང་རིག་སྒྲུབ་པའི་མདོ་སེམས་གཉིས་ཀས་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ། །ཞེས་པའི་དོན་གང་ཟག་གཅིག་གི་རྒྱུད་ལ་རྣམ་ཤེས་རིགས་མཐུན་རྫས་ཐ་དད་པ་དུ་མ་ཅིག་ཅར་དུ་མི་སྐྱེ་བའི་དོན་དུ་འཆད་ཀྱི། རྣམ་ཤེས་རིགས་མི་མཐུན་རྫས་ཐ་དད་པ་དུ་མ་ཅིག་ཅར་སྐྱེ་བ་མི་འགོག་པའི་ཕྱིར་ཏེ།
Answer: This is incorrect because both Sautrantika and Cittamatra (who assert self-knowers) explain the sutra statement "The mental continuum of sentient beings is individual." to mean that multiple consciousnesses of similar type and different substance do not simultaneously arise in the continuum of a single person; they do not refute that multiple consciousnesses of dissimilar type and different substance can simultaneously arise.

རྣམ་འགྲེལ་ལས། དེ་རྣམས་རིགས་མཐུན་པ་ཉིད་ལས། །ནུས་པ་ངེས་པར་འགྱུར་པ་ཡིན། །ཞེས་དང༌།
དེ་ཕྱིར་བློ་ནི་ཅིག་ཅར་འགྱུར། །ཞེས་གང་ཟག་གཅིག་གི་རྒྱུད་ལ་འཇུག་ཤེས་དྲུག་ཅིག་ཅར་དུ་སྐྱེ་བ་ཡོད་པར་བཤད་པས་སོ།
The Pramanavartika says "" and "Therefore, the awarenesses become simultaneous." explains that the six operating consciousnesses do simultaneously arise in the continuum of a single person.

ཡང་བོད་ཀྱི་དབུ་མ་པ་ཁ་ཅིག་ན་རེ། ཟ་འོག་ལ་བལྟ་བའི་ཚེ། དཀར་དམར་སྣ་ཚོགས་འཛིན་པའི་ཤེས་པ་རྫས་ཐ་དད་པ་དུ་མ་ཅིག་ཅར་སྐྱེ་བ་མ་ཡིན་ནམ།
ཞེས་པའི་ལན་དུ་ཤེས་པ་དེ་རྣམས་རིམ་གྱིས་འབྱུང་ཡང་ཅིག་ཅར་དུ་སྐྱེ་བར་སྣང་བ་བཞིན་ཞེས་ཟེར།
Some Tibetan Madhyamikas say:
If someone says: Don't multiple consciousnesses of different substance apprehending the various colours, white and red etc., simultaneously arise when looking at a brocade?
Response: Although those consciousnesses arise sequentially, they appear to simultaneously arise.

མི་འཐད་དེ། མདོ་སེམས་ཀྱི་འདོད་པ་མ་ལོན་པ་སྔར་བཤད་པ་ལས་མ་འདས་ཤིང༌། ཁྲ་བོ་འཛིན་པའི་མིག་ཤེས་ཀྱང་འཇོག་མི་ཤེས་པའི་གཏམ་དུ་སྣང་བའི་ཕྱིར།
Answer: This is incorrect because 1) not having reached the Sautrantika and Cittamatra assertion, it does not pass beyond what was previously explained and 2) it appears to be the talk of those who do not know how to posit an eye-consciousness apprehending patterns.


འོ་ན། འགྲེལ་ཚིག་གི་དོན་ཅི་ཡིན་ཞེ་ན།
In that case, what is the meaning of that section of the Autocommentary?

རྣམ་བཤད་དུ། དེས་ན་རྣམ་ཤེས་རིགས་མཐུན་ཅིག་ཅར་དུ་སྐྱེ་བར་རྩོད་པའི་ལན་དུ། དེ་རྣམས་འཇུག་པ་མྱུར་བས་རིམ་གྱིས་སྐྱེ་ཡང་ཅིག་ཅར་དུ་སྐྱེ་བར་མངོན་ཞེས་
འཆད་དགོས་པ་འདྲ་བ་ཞིག་སྣང་ཡང༌། རང་རིག་སྒྲུབ་མཁན་དེ་གཉིས་ཀྱིས་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་པའི་རྒྱུ་ཡིན་པ་ཡང་རྣམ་འགྲེལ་དུ་བཀག་པས་ན།
གཞུང་འདི་དེ་གཉིས་ཀྱི་ལུགས་སུ་འཇོག་དཀའ་བར་སྣང་སྟེ། ཕལ་ཆེར་རྒྱ་དཔེ་མ་དག་པའི་སྐྱོན་ཡིན་ནམ། འོན་ཀྱང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ།
ཞེས་གསུངས།
Illumination of the Thought says:
Therefore, to the objection that consciousnesses of similar type arise simultaneously, it seems like it is necessary to explain their response as "Since they operate quickly, they arise sequentially but appear to arise simultaneously."
However, the two [schools] who prove self-knowers also refute that "quick operation" is a cause for their being mistaken to be simultaneous in the Pramanavartika. Therefore, it seems difficult to posit that section [of the Autocommentary] as being the system of those two. Probably it is the fault of an error in the Sanskrit original? Nevertheless, the intelligent should analyse this.

དགོངས་པ་འཆད་པ་ན། རྗེས་འབྲངས་ཁ་ཅིག རྒྱ་དཔེ་མ་དག་པའི་སྐྱོན་མེད་ཅིང༌། མགལ་མེ་ལ་སོགས་མྱུར་འཇུག་པའི། །རྗེས་སུ་འབྲེལ་བའི་གནོད་པ་ཅན།
།མིག་ལས་འཁོར་ལོ་འཁྲུལ་སྐྱེ་ཡི། །དེ་མཐོང་མཚམས་སྦྱོར་ལས་མ་ཡིན། །ཞེས་རྣམ་འགྲེལ་དུ། འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་པའི་རྒྱུར་བཤད་པས།
རྣམ་བཤད་ཀྱི་གསུང་དྲང་དོན་ནོ། །ཞེས་ཟེར།
When explaining its intention, some of its followers say: There is no fault in the Sanskrit original and the Pramanavartika verse "Through the quick operation of a firebrand and so forth, the eye is faulted as to its persistence and a mistaken [appearance of] a wheel is produced; it is not in connection to the perception of that." explains that "quick operation" is a cause for being mistaken to be simultaneous; therefore, this section of the Illumination is of interpretative meaning.

མི་འཐད་དེ། དཔྱད་པ་ཞིབ་ཏུ་མཛད་པའི་གསུང་འདིའི་རིགས་བོར་མི་འོས་པའི་ཕྱིར།
Answer: This is incorrect because it is not suitable to cast aside the reasoning of this text of detailed analysis.

ཡང་བླ་མ་ཁ་ཅིག རྒྱ་དཔེ་དག་པར་བྱས་ནས།
རྣམ་བཤད་ལས། རྣམ་འགྲེལ་དུ་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་བའི་རྒྱུ་ཡིན་པ་བཀག་པར་གསུངས་པ་ཤེས་བྱེད་ཀྱི་རྒྱུ་ལ་དགོངས་ཞེས་ཟེར།
Some lamas say: Assuming the Sanskrit original to be correct, the statement in the Illumination that "quick operation" is refuted in the Pramanavartika as being a cause for their being mistaken to be simultaneous has the intention of the cause for knowing.

མི་འཐད་དེ། དེ་ལྟར་ན་འགྲེལ་པར་འཇུག་པ་མྱུར་བས་ཅིག་ཅར་དུ་འཇུག་པ་ལྟ་བུར་མངོན་ཞེས་གསུངས་པ་ཡང༌།
ཤེས་བྱེད་ཀྱི་རྒྱུ་ལ་འཆད་དགོས་པས་རྒྱ་དཔེ་དག་པར་ཁས་བླངས་པ་དང་འགལ་བའི་ཕྱིར།
Answer: This is incorrect because in that case, also the Autocommentary statement "[they] appear to operate simultaneously due to their quick operation" would need to be explained in relation to the cause for knowing and therefore, it contradicts asserting that the Sanskrit original is correct.

རང་ལུགས་ནི། འགྲེལ་པར་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་བའི་ཤེས་བྱེད་ཀྱི་རྒྱུར་བཤད་པས་རྒྱ་དཔེ་མ་དག་པ་སོར་གནས་དང༌།
རྣམ་འགྲེལ་དུ་ཡང་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་བའི་ཤེས་བྱེད་ཀྱི་རྒྱུ་ཡིན་པ་བཀག་པ་ལ་དགོངས་ནས།
རྣམ་བཤད་ལས་དེ་ལྟར་གསུངས་ཞེས་སྦྱར་ན་འགྲིག་གམ་སྟེ་དཔྱད་པར་བྱའོ།
Our own system: Since the intention is that:

It should be analysed as to whether it is fine to connect that to what is said in the Illumination.


In chapter 3 of the Pramanavartika: "quick operation" is established as a cause for mistaking them to be simultaneous

རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རམ། །འཇུག་པ་མྱུར་ཕྱིར་བླུན་པོ་དག །དེ་དག་ལ་ནི་གཅིག་ཏུ་ཞེན། །
Root: The conceptual and non-conceptual minds, due to operating simultaneously or due to operating quickly, are conceived by the stupid to be one.

For example, the non-conceptual is an eye-consciousness apprehending blue and the conceptual is a conceptual consciousness thinking "blue!"
Although the conceptual consciousness is induced by its preceding non-conceptual consciousness, they appear simultaneous due to their quick operation.

Therefore, "quick operation" is:

The latter is established because it requires pervasion; otherwise: It follows mistaken awarenesses exist in the continuum of a Buddha because sequentially arising awarenesses mistakenly appear as simultaneous; because of their quick operation. (No pervasion!)


Up a level: Refutation of self-knowers as the basis for memory