The mere shape of the parts is also not the chariot

ཡན་ལག་སོ་སོའི་དབིབས་ཤིང་རྟ་ཡིན་པར་འདོད་ན།
འོ་ན། མ་བསྒྲིགས་པའི་དུས་ཀྱི་དབྱིབས་དང་ཁྱད་པར་མེད་པའི་ཡན་ལག་སོ་སོའི་དབྱིབས་ཤིང་རྟ་ཡིན་པར་འདོད་དམ།
དེ་དང་ཁྱད་པར་ཡོད་པའི་དབྱིབས་གཞན་ཞིག་ཤིང་རྟ་ཡིན་པར་འདོད།
If it is asserted that the shape of the individual parts is the chariot, then:

  1. Is the shape of the individual parts that are not different from their shape when not assembled asserted as the chariot, or
  2. Is a different shape from that asserted as the chariot?

དང་པོ་ལྟར་རོ་ཞེ་ན།
འོ་ན། སྔར་ཤིང་རྟའི་ཡན་ལག་མ་བསྒྲིགས་པའི་སོ་སོར་བྱེ་བར་གྱུར་པ་དེ་དག་ལ་ཇི་ལྟར་ཤིང་རྟ་ཡོད་པ་མ་ཡིན་པ་དེ་བཞིན་དུ།
དེ་ལྟར་ཡན་ལག་བསྒྲིགས་པའི་ཚེ་ཡང་ནི་འཕང་ལོ་སོགས་ཀྱི་ཤིང་རྟར་ཡོད་པ་མ་ཡིན་པར་ཐལ། ཁྱོད་ལྟར་ན་འཕང་ལོ་ལ་སོགས་པའི་ཡན་ལག་རེ་རེ་ལ་སྔར་མ་བསྒྲིགས་པའི་དུས་སུ་དབྱིབས་ཇི་ལྟར་ཡོད་པར་འགྱུར་བ་དེ་བཞིན་དུ་ཕྱིས་ཤིང་རྟར་རྟོགས་པ་ལ་སྟེ་ཡན་ལག་བསྒྲིགས་པའི་དུས་སུའང་ཡན་ལག་གི་དབྱིབས་སྔར་མ་བསྒྲིགས་པའི་དབྱིབས་དེ་བཞིན་དུ་གནས་པའི་ཕྱིར།
If it is the first: It follows that just like the scattered parts of the chariot prior to being assembled are not the chariot, similarly, the wheels and so forth are not the chariot also when the parts are assembled because, according to you, the way in which the shape is at the time prior to the individual parts (the wheels and so forth) being assembled remains the same as the shape of the parts also later when they are assembled and realised as the chariot.

ཁྱབ་སྟེ། ཡན་ལག་སྔ་ཕྱིའི་དབྱིབས་ལ་ཁྱད་པར་མེད་ན་དེ་གཉིས་ཤིང་རྟར་འཇོག་མི་འཇོག་གི་ཁྱད་པར་མེད་དགོས་པའི་ཕྱིར།
There is pervasion because if there is no difference between the parts in the previous and later [cases], then there necessarily would not be a difference in whether or not they are posited as the chariot.

གཉིས་པ་ལྟར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་པར་ཐལ། དེ་འདྲའི་དབྱིབས་གསར་དུ་སྐྱེས་པ་ཡོད་ན།
ཡན་ལག་སོ་སོའི་དབིབས་རྒྱུན་མི་མཐུན་པའི་དབྱིབས་འདི་མིག་ཤེས་ཀྱིས་བཟུང་དུ་ཡོད་པར་འགྱུར་དགོས་ནའང་།
དེ་ཡང་མིག་ཤེས་ཀྱི་བཟུང་དུ་ཡོད་པ་མ་ཡིན་པའི་ཕྱིར།
If it is the second: It follows that that is not logical because if such a newly produced shape exists, then this shape that is a discordant continuum with the shape of the individual parts would necessarily be apprehended by the eye-consciousness, whereas it is not apprehended by the eye-consciousness.

དེས་ན་ཤིང་རྟ་བསྒྲིགས་དུས་ཀྱི་ཡན་ལག་སོ་སོའི་དབྱིབས་ཙམ་ཤིང་རྟར་ཡོད་པ་མ་ཡིན་པར་ཐལ། མ་བསྒྲིགས་པའི་ཡན་ལག་སོ་སོའེ་དབྱིབས་དང་རིགས་འདྲ་བའི་
ཡན་ལག་རེ་རེ་བའིེ་དབྱིབས་ཀྱང་ཤིང་རྟ་མ་ཡིན་པ་དེ་དང་རིགས་མི་འདྲ་བའི་ཡན་ལག་རེ་རེ་བའི་དབྱིབས་ཀྱང་ཤིང་རྟ་མ་ཡིན་པ་དེའི་ཕྱིར།
Therefore, it follows that the mere shape of the individual parts at the time when the chariot is assembled is not the chariot because 1) the shape of the individual parts that are a similar-type with the shape of the individual parts when not assembled is not the chariot and 2) the shape of the individual parts that are a dissimilar-type with that is not the chariot.


ཤིང་རྟའི་ཡན་ལག་ཚོགས་པའི་དབྱིབས་ཤིང་རྟར་འདོད་པས་སྐྱོན་དེ་རྣམས་མེད་དོ་ཞེ་ན།
Someone says: There are no such faults because the shape of the collection of the parts of the chariot is asserted as the chariot.

དེ་ཡང་ཡན་ལག་ཚོགས་པ་ཤིང་རྟ་ཡིན་པ་ནི། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག་ཞེས་པའི་རིགས་པས་ཁེགས་པས།
འདིར་ནི་ཚོགས་པ་ཉིད་ལ་བརྟེན་པའི་དབྱིབས་ཤིང་རྟ་ཡིན་པ་འགོག་པ་ཡིན་ནོ།
Response: Since the collection of the parts being the chariot has been refuted by the reasoning of "Due to that, the part possessor not existing, the parts" [i.e. 6.152cd], in this context the shape relating to that collection is refuted from being the chariot.

ཇི་ལྟར་འགོག་ན། ཤིང་རྟའི་དབྱིབས་དེ་ཤིང་རྟའི་ཡན་ལག་ཚོགས་པ་གདགས་གཞིེར་བྱས་ནས་འདོགས་པ་མ་ཡིན་པར་ཐལ།
རྒྱུ་མཚན་གང་གི་ཕྱིར་ན་ཁྱོད་ཀྱི་ལུགས་ལ་ཤིང་རྟའི་ཡན་ལག་ཚོགས་པ་རྫས་སུ་ཅང་མེད་པ་སྟེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར།
How is it refuted? It follows that the shape of the chariot is not designated through taking the collection of the parts of the chariot as the basis of designation because, in your system, the collection of the parts of the chariot are not substantially-existent even in the slightest.

ཁྱབ་སྟེ། ཁྱོད་ཀྱི་ལུགས་ལ་བཏགས་ཡོད་ཐམས་ཅད་རང་གི་འདོགས་གཞི་རྫས་ཡོད་ཁོ་ན་ལ་བརྟེན་དགོས་པའི་ཕྱིར།
There is pervasion because, in your system, all imputed-existents necessarily depend upon their basis of imputation that is exclusively substantially-existent.

ཤེས་བྱ་ཆོས་ཅན། ཡན་ལག་ཚོགས་པ་གང་ཞིག་རྫས་སུ་གྲུབ་པ་ཅི་ཡང་མ་ཡིན་པ་དེ་དག་ལ་བརྟེན་ནས་ཤིང་རྟའི་སྐབས་འདིར་ནི་ཤིང་རྟར་འཇོག་པའི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འདོགས་པར་འགྱུར་བར་མི་རིགས་པར་ཐལ། ཁྱོད་ཀྱིས་བཏགས་ཡོད་ཀྱིེ་དངོས་པོ་རྣམས་གདགས་གཞིེ་རྫས་ཡོད་ལ་བརྟེན་ནས་འདོགས་དགོས་པར་ཁས་བླངས་ཤིང་ཚོགས་པ་དང་དེའི་དབྱིབས་གཉིས་ཀ་བཏགས་ཡོད་དུ་ཁས་བླངས་པའི་ཕྱིར།
The subject - objects of knowledge - it follows that, in this context of the chariot, it is illogical to designate the shape as the chariot in dependence upon the collection of the parts that is not substantially established whatsoever because you assert that things that are imputed-existents are necessarily designated in dependence upon their substantially existent bases of designation whereas both the collection and its shape are asserted as imputed-existents.


ཁོ་ན་རེ། མ་ཁྱབ་སྟེ། ཚོགས་པ་བདེན་པ་མེད་ཀྱང་དེ་ལ་བརྟེན་པའི་དབྱིབས་བཏགས་ཡོད་དུ་གྲུབ་བོ་ཞེ་ན།
Someone says: No pervasion; although the collection does not truly exist, the shape relating to that is established as an imputed-existent.

འོ་ན་མ་རིག་པ་དང་ས་བོན་ལ་སོགས་པའི་མི་བདེན་པའི་རྒྱུ་ལ་བརྟེན་པར་བྱས་ནས་འདུ་བྱེད་དང་མྱུ་གུ་ལ་སོགས་པའི་འབྲས་བུའི་རྣམ་པ་མི་བདེན་པའི་
རང་བཞིན་ཅན་ཐམས་ཅད་ཀྱང་ནི་སྐྱེ་བ་ཤེས་པར་གྱིས་ཤིག་སྟེཤེས་པར་བྱ་རིགས་ཏེ།
ཁྱོད་ཀྱི་ལུགས་ལ་ཚོགས་པ་བཏགས་ཡོད་ལ་བརྟེན་ནས་དབྱིབས་བཏགས་ཡོད་དུ་འཇོག་པ་འདི་ནི་ཇི་ལྟར་འདོད་པ་དེ་ལྟར་དུ་འཐད་པའི་ཕྱིར།
Response: In that case, it should be understood that in dependence upon non-truly-existent causes (ignorance, a seed, and so forth), all results possessing a non-truly-existent nature (compositional actions, sprouts, and so forth) arise because, in your system, positing shape as an imputed-existent in dependence upon a collection that is an imputed existence is correct as you assert it.

ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟ་ཡིན་པར་འགོག་པའི་རིགས་པ་འདིས་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ།
བུམ་པའི་གཟུགས་དྲི་སོགས་རྡུལ་རྫས་བརྒྱད་པོ་དེ་ལྟར་འདབ་འབྱོར་དུ་གནས་པའི་ཚོགས་པ་རྣམས་བུམ་པ་ཡིན་པས།
དེ་ལ་བུམ་པའོ་སྙམ་པའི་བློ་དོན་མཐུན་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དེའང་རིགས་པ་མ་ཡིན་པ་ཉིད་དུ་བསྟན་པའི་དགོས་པ་ཡོད་པའི་ཕྱིར།
The subject - this reasoning refuting that the mere collection of the parts of the chariot is the chariot - it also has another purpose because there is the purpose of indicating that it is illogical to say that the collection of the eight substantial particles of a pot (form, smell, and so forth) that remain in close proximity is the pot and therefore, that there would arise a factually concordant awareness thinking "pot" with respect to that.

བུམ་པའི་གདགས་གཞི་གཟུགས་དེ་སོགས་ཀྱང་ཆོས་ཅན། རྫས་ཡོད་དུ་ཡོད་པ་མ་ཡིན་ཏེ། རང་བཞིན་གྱིས་སྐྱེ་བ་མེད་པ་དེས་ནའི་ཕྱིར།
རྟགས་མཐའ་བཞིའི་སྐྱེ་བ་བཀག་པས་གྲུབ་བོ།
The subject - the basis of designation of pot, i.e. form and so forth - they are not substantially-existent because of not being inherently produced. The sign was established through the refutation of the four extremes of production.

འདོད་ན། བུམ་པའི་གཟུགས་སོགས་དེ་དག་གི་དབྱིབས་ཀྱང་བུམ་པ་མ་ཡིན་པར་ཐལ། བུམ་པ་མེད་པའི་ཕྱིར་ཏེ། བུམ་པའི་རྟེན་རྫས་སུ་མེད་པའི་ཕྱིར། ཁྱབ་པ་ཁས།
If accepted: It follows that the shape of those, i.e. of pot's form and so forth, are not the pot because the pot does not exist; because the supports of the pot are not substantially existent. You asserted the pervasion.


Up a level: Example of the chariot