The objection of similar fault wrt the refutation of cause and effect lacking true establishment

ཁོ་ན་རེ། རྒྱུ་འབྲས་ཕྲད་མ་ཕྲད་ལ་བརྟག་པའི་སྒོ་ནས་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་པ་འགོག་པའི་ཚུལ་དེ་ནི། ཁྱོད་དབུ་མ་པའི་སུན་འབྱིན་གྱིས་རྒྱུ་འབྲས་
རང་བཞིན་གྱིས་གྲུབ་པར་དམ་བཅའ་བའི་དངོས་སྨྲ་བའི་དམ་བཅའ་སུན་འབྱིན་འདོད་པ་ལ་ཡང་མཚུངས་པས་སུན་འབྱིན་དེ་སྐྱོན་ཅན་ཡིན་ནོ།
Someone says: The way of refuting inherent production of causes and effects by way of investigating whether or not cause and effect meet similarly applies to you Madhyamikas who wish to refute the assertions of the Proponents of Things (who assert that causes and effects are inherently established) and therefore is a faulty refutation.

ཇི་ལྟར་མཚུངས་ན། ཁྱོད་དབུ་མ་པའི་སུན་འབྱིན་འདིས་སུན་དབྱུང་བྱ་དངོས་སྨྲ་བའི་དམ་བཅའ་དང་ཕྲད་ནས་སུན་འབྱིན་པ་ཡིན་ནམ།
འོན་ཏེ་མ་ཕྲད་པ་ཡིན་ཞེས་བརྟག་པའི་ཉེས་པ་འདི་ནི་ཁྱོད་དབུ་མ་པའང་འགྱུར་བ་མ་ཡིན་ནམ་སྟེ་འགྱུར་བ་ཡིན་པར་ཐལ།
ཕྲད་ནས་སུན་འབྱིན་ན་དེ་གཉིས་གཅིག་ཏུ་འགྱུར་བས་གང་གིས་གང་ཞིག་སུན་འབྱིན་པར་བྱེད།
མ་ཕྲད་པར་སུན་འབྱིན་ན་ནི་མ་ཕྲད་པར་མཚུངས་པ་ཐམས་ཅད་ཀྱང་སུན་འབྱིན་པར་འགྱུར་བས་མི་རིགས་ཤིང་།
བརྟག་པ་གཉིས་པོ་འདི་དག་སྤངས་ནས་བརྟག་པ་གསུམ་པ་གཞན་ཡང་མེད་པ་དེའི་ཕྱིར།
How is it similar? It follows that this fault would also apply to you Madhyamikas upon investigating "Is your Madhyamika refutation a refutation that meets with its refuted-object (i.e. the Proponents of Things' assertion) or one that does not meet with it?" because:

  1. a) If it refutes through meeting, then those two would become one and then what refutes what? and b) If it refutes without meeting, then it would refute everything that is similarly unmet; therefore, it is illogical; and
  2. Having refuted those two options, a third option does not exist.

དབུ་མ་པ་ཁྱོད་ཀྱི་སུན་འབྱིན་སུན་དབྱུང་བྱ་དངོས་སྨྲ་བའི་དམ་བཅའ་སུན་འབྱིན་པར་ནུས་པར་མ་ཡིན་པར་ཐལ།
གང་གི་ཚེ་སུན་འབྱིན་ལྟར་སྣང་དེ་སྐད་སྨྲ་ཞིང་དེས་ནི་རང་ཕྱོགས་ཁོ་ན་རྣམ་པར་འཇོམས་པ་དེའི་ཚེ་སྟེ་དེའི་ཕྱིར།
It follows that your Madhyamika refutation is not able to refute its refuted-object (i.e. the Proponents of Things' assertion) because you are stating a wrong refutation and it only destroys your own position.

འདོད་ན། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་ཐལ། འདོད་པའི་ཕྱིར།
If accepted: It follows that cause and effects are inherently established because the above was accepted.

གཞན་ཡང་དབུ་མ་པ་ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་བ་སྟེ། དམ་པས་སྨད་པར་རིགས་པའི་ཆད་ལྟ་ཅན་དུ་ཐལ།
རྒྱུ་མཚན་གང་གི་ཕྱིར་ན་དབུ་མ་པ་ཁྱོད་རང་གི་སྨྲས་པས་ཚིག་ལའང་ཚུར་བཟློག་ནས་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱི་སུན་འབྱིན་ལྟར་སྣང་བརྗོད་པའི་སྒོ་ནས།
རིགས་པ་མེད་པའི་དམ་བཅའ་མ་ཕྲད་ན་རྒྱུ་འབྲས་མ་ཡིན་པར་ཁས་བླངས་ནས་བྱ་བྱེད་ཀྱི་དངོས་པོ་མཐའ་དག་ལ་སྐུར་བ་འདེབས་པ་དེའི་ཕྱིར།
Moreover, it follows that you Madhyamikas will not be accepted by holy beings and are nihilists suitable to be looked down upon by the holy ones because by way of stating wrong pseudo-refutation whose statements' consequences can be turned around upon you Madhyamikas, you assert illogical assertions that if there is no meeting, then there is no cause and effect and thereby deprecate all functionality of agents and objects.

རིགས་པ་མེད་ཚུལ་ནི། དཔེར་ན་ཁབ་ལེན་དང་མིག་གིས་མ་ཕྲད་ཀྱང་རུང་བའི་ཡུལ་ན་ལྕགས་ལེན་ཅིང་གཟུགས་མཐོང་གི་ཡུལ་ཐམས་ཅད་ལ་བྱ་བ་མི་འཇུག་པ་བཞིན་དུ་རྒྱུ་ཀྱང་འབྲས་བུ་མ་ཕྲད་པར་སྐྱེད་ཀྱང་རིགས་མཐུན་འགའ་ཞིག་སྐྱེད་ཀྱི་ཐམས་ཅད་མི་སྐྱེད་དོ།
The way in which it is illogical: For example, despite not meeting with the magnet and the eyes, iron is attracted and forms are seen when in an appropriate place; whereas, it is not that all objects are acted upon. Similarly, despite the cause producing without meeting its result, it produces some similar-types and does not produce everything.


ཤེས་བྱ་ཆོས་ཅན། དབུ་མ་པ་ཁྱོད་ནི་ཆད་ལྟ་ཙམ་དུ་མ་ཟད་སུན་འབྱིན་ཅི་ཕྱིན་དུ་སྨྲ་བའི་རྒོལ་བ་པོའང་ཡིན་ཏེ།
རང་ཕྱོགས་བཞག་ཏུ་མེད་པར་གཞན་ཕྱོགས་འགོག་པ་འབའ་ཞིག་ལ་ཞུགས་པའི་རྒོལ་བ་ཡིན་པའི་ཕྱིར།
The subject - objects of knowledge - you Madhyamikas are not only just nihilists view but are also an opponent stating refutations for no-one because of being a debater that exclusively refutes others' positions without presenting one's own position.


Response: Indicating the response that there is no similar fault for us

Up a level: Extrapolating the analysis of the self and the chariot to other things (Gomde)