The result of such refutation (Gomde)
ཤེས་བྱ་ཆོས་ཅན། མཐར་འཛིན་གྱི་རྟོག་པ་རྣམས་ལོག་པར་འགྱུར་བ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ལས་བཤད་པའི་དེ་ཁོ་ན་ཉིད་ལ།
རྣམ་པར་དཔྱད་པའི་འབྲས་བུར་མཁས་པ་རྣམས་ཀྱིས་གསུངས་པ་འཐད་པ་ཡིན་ཏེ། སོ་སོོ་སྐྱེ་བོ་ཆོས་ཉིད་མ་མཐོང་བ་རྣམས་ནི་མཐར་འཛིན་གྱི་རྟོག་པས་
འཁོར་བར་བཅིངས་ཤིང་། ཆོས་ཉིད་མཐོང་སྟེ་ཕྱིན་ཅི་ལོག་ཏུ་མི་རྟོག་པའི་རྣལ་འབྱོར་པ་འཕགས་པ་རྣམས་ནིེ་འཁོར་བ་ལས་གྲོལ་བར་འགྱུར་བ་དེའི་ཕྱིར།
The subject - objects of knowledge - it is suitable that these conceptions holding to extremes be indicated as erroneous by those who are skilled as a result of analysing the suchness explained in this Madhyamaka treatise because ordinary beings who have not perceived dharmata are bound in samsara by these conceptions holding to extremes whereas the arya yogis with a non-erroneous non-conceptual perception of dharmata will be liberated from samsara.
དབུ་མ་པ་ཆོས་ཅན། ཁྱོད་ཀྱི་བསྟན་བཅོས་ལས་རིགས་པའི་རྣམ་པར་དཔྱད་པ་མང་དུ་མཛད་པ་ནི་རྩོད་པ་ལ་ཆགས་པ་སྟེ།
གཞན་ཟིལ་གྱིས་མནོན་པའི་ཕྱིར་མ་མཛད་དེ། ཁྱོད་ཀྱི་བསྟན་བཅོས་ལས་རིགས་པས་རྣམ་པར་དཔྱད་པའི་སྒོ་ནས།
དེ་ཁོ་ན་ཉིད་བསྟན་པ་ནི་སྐྱེ་བོ་རྣམས་འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར།
The subject - Madhyamikas - the many logical analyses in their treatises are not done due to attachment to debate or in order to outdo others because the indication of suchness by way of logical analysis in their treatises is in order to completely liberate beings from samsaric suffering.
ཁོ་ན་རེ། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། མ་མཛད་ཅེས་སྨྲ་བ་མི་རིགས་ཏེ།
དངོས་སྨྲ་བས་ཇི་ལྟར་བརྟག་ཆོད་ཐམས་ཅད་ཁྱོད་ཀྱི་གཞུང་དུ་བཀོད་ནས་འགག་པས་གཞན་ལུགས་འགོག་པ་ལྷུར་ལེན་པའི་ཕྱིར་ཞེ་ན།
Someone says: Saying it is not done out of attachment to the debates and analyses in their treatises is incorrect because all the analyses made by the Proponents of Things are stated and refuted in your treatises and therefore, you go to great effort to refute others' systems.
དབུ་མ་པ་ཆོས་ཅན། ཁྱོད་ཀྱི་བསྟན་བཅོས་དེ་རྩོད་པའི་ཕྱིར་དུ་སྨྲས་པ་མིན་ན་ཡང་གལ་ཏེ་ཁྱོད་ཀྱི་བསྟན་བཅོས་སུ་རིགས་པས་རྣམ་པར་དཔྱད་པའི་སྒོ་ནས་
དེ་ཁོ་ན་ཉིད་རྣམ་པར་བཤད་པ་ནི། ཉི་མ་ཤར་བའི་ཚེ་མུན་པ་འཐེན་མི་ཚུགས་པ་ལྟར། གཞན་གྱི་གཞུང་ལུགས་ལས་བཏགས་པ་རྣམས་རང་གི་ངང་གིས་
འཇིག་པར་འགྱུར་ནའང་ཁོ་བོ་ཅག་ལ་ཉེས་པ་མེད་དེ། དེ་ནི་གཞན་ལུགས་ཁོ་ནའི་ཉེས་པ་ཡིན་པའི་ཕྱིར།
Answer: The subject - Madhyamikas - although their treatises are not stated in order to debate, if the explanations of suchness by way of logical analysis in their treatises naturally destroy the imputations of other textual systems, like the darkness cannot withstand the rising of the sun, then the fault is not ours because the fault is solely with that textual system.
དཔེར་ན། མེ་བུས་པ་བཏུང་བ་བསྐོལ་བའི་ཕྱིར་ཡིན་ཀྱང་བུད་ཤིང་སྲེགས་པ་ལ་ཉེས་པ་མེད་པ་བཞིན་ནོ།
For example, when a fire is lit in order to boil drinking water, there is no fault in burning the kindling.
ཁོ་ན་རེ། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། འོ་ན། དེ་ནི་ཁྱབ་འབྲེལ་ཇི་ལྟར་ཡིན་ཞེ་ན།
Someone says: "... due to attachment to the debates and analyses in their treatises...", however, what is the connection in terms of pervasion?
ཤེས་བྱ་ཆོས་ཅན། རྣམ་གྲོལ་ལམ་འཐོབ་པའི་ཕྱིར་དུ་མཛད་ན་ཡང་རྩོད་པ་ཁོ་ནའི་ཆེད་དུ་མ་མཛད་པ་ལ་ཁྱབ་སྟེ། རྩོད་པ་ལ་བརྟེན་ནས་རང་ཕྱོགས་ཀྱི་ལྟ་བ་ལ་
ཆགས་པ་དང་དེ་བཞིན་དུ་གཞན་གྱི་ལྟ་བ་ལ་བརྒྱུད་འཁྲུག་པ་བྱུང་བར་འགྱུར་ལ་ཆགས་སྡང་གང་ཡིན་པ་དེ་ནི་འཆིང་བྱེད་ཀྱི་རྟོག་པ་ཉིད་ལེན་པའི་ཕྱིར།
Answer: The subject - objects of knowledge - there is pervasion that if it is done in order to attain the path to complete liberation, then it is not done only for the purpose of debate because being attached to one's own view in dependence upon debate and similarly becoming agitated and having attachment and anger towards others' views are taking on the very conceptualisations the bind [to samsara].
ཁབ་སྟེ། འཆིང་བྱེད་ཀྱི་ལམ་དང་གྲོལ་བྱེད་ཀྱི་ལམ་ཡང་འགལ་བའི་ཕྱིར།
There is pervasion because the paths the bind and the paths the liberate are mutually exclusive.
དེས་ན་སློབ་དཔོན་ཀླུ་སྒྲུབ་ཆོས་ཅན། རྩོད་པའི་ཕྱིར་མ་ཡིན་པར་གདུལ་བྱས་རྣམ་གྲོལ་འཐོབ་པའི་ཕྱིར་དུ་དབུ་མའི་བསྟན་བཅོས་སུ་དེ་ཁོ་ན་ཉིད་གཏན་ལ་ཕབ་པ་ཡིན་ཏེ། རང་ཕྱོགས་ལ་འདོད་ཅིང་ཆགས་པ་དང་། གཞན་ཕྱོགས་ལ་ཁོང་ཁྲོ་བ་རྣམས་བསལ་སྟེ་དེ་ཁོ་ན་ཉེད་ལ་རིགས་པས་རྣམ་པར་དཔྱད་པ་ནི་
མྱུར་དུ་འཁོར་བ་ལས་གྲོལ་བར་འགྱུར་ཞིང་ཆགས་སྡང་གིས་རྩོད་པ་ནི་འཁོར་བར་འཆིང་བྱེད་ཡིན་པ་དེའི་ཕྱིར་རོ།
Therefore, the subject - Acarya Nagarjuna - not for the benefit of debate but rather so that disciples attain complete liberation, he settled suchness in the Madhyamaka treatises because attachment to one's own position and aversion to others' positions has been eliminated; the logical analysis of suchness will quickly liberate from samsara whereas debates due to attachment and aversion are what binds one to samsara.
མདོ་ལས་ཀྱང་། གང་ཞིེག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བྱེད།
།ང་རྒྱལ་རྒྱས་པས་བཅོམ་པ་ལོག་པ་སྟེར། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་གསུངས་སོ།
Also sutra says: Whoever listens to dharma and generates attachment or listens to non-dharma and generates aversion, will be destroyed by expanding pride, create errors, and experience suffering due to pride.
Up a level: Madhyamaka