The self would be many
ཤེས་བྱ་ཆོས་ཅན། གལ་ཏེ་རང་རྒྱུད་ཀྱི་ཕུང་པོ་ལྔ་བདག་ཡིན་པའི་ཕྱོགས་ལྟར་ན་གང་ཟག་གཅིག་གི་རྒྱུད་ལ་ཕུང་པོར་མ་ཟད་བདག་དེ་དག་ཀྱང་མང་པོར་འགྱུར་བར་ཐལ།
བདག་ཕུང་གཅིག་ཡིན་ཕྱིར།
The subject - objects of knowledge - it follows that according to the position that the five aggregates in one's continuum are the self, not only the aggregates in that single persons's continuum but also their selves would be many because the self and aggregates are one.
ཁྱབ་སྟེ། ཕུང་པོ་དེ་རྣམས་མང་བ་ཡིན་པའི་ཕྱིར།
There is pervasion because the aggregates are many.
རྣམ་ཤེས་བདག་ཡིན་པ་ལྟར་ན། བདག་ཆོས་ཅན། དུ་མར་ཐལ། རྣམ་ཤེས་ལྔ་དང་གཅིེག་ཡིན་པའི་ཕྱིར།
According to the consciousness being the self: The subject - the self - it follows that it is many because it is one with the five consciousnesses.
ཡིད་ཤེས་གཅིག་ཏུ་བདག་ཡིན་པ་ལྟར་ན། བདག་ཆོས་ཅན། དུ་མར་ཐལ། ཡིད་ཤེས་ཀྱི་ཆ་ཤས་སུ་གྱུར་པའི་སྐད་ཅིག་དུ་མ་དང་གཅིག་ཡིན་པའི་ཕྱིར་ཏེ།
ཁྱོད་ཡིད་ཤེས་དང་གཅིག་ཡིན། ཡིད་ཤེས་རང་གི་ཆ་ཤས་སུ་གྱུར་པའི་སྐད་ཅིག་དུ་མ་དང་གཅིག་ཡིན་པའི་ཕྱིར།
According to just the mental consciousness being the self: The subject - the self - it follows that it is many because it is one with the many moments that are parts of the mental consciousness; because 1) it is one with the mental consciousness and 2) the mental consciousness is one with the many moments that are its parts.
ཐལ་བ་གསུམ་ཀ་འདོད་མི་ནུས་ཏེ། མདོ་ལས། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའོ། ཞེས་གསུངས་པའི་ལུང་ཁས་བླངས་པ་དང་འགལ་བའི་ཕྱིར།
All three consequences cannot be accepted because it contradicts the assertion in sutra saying, "When born in the world, the person is born singly."
འདི་ནི་རང་སྡེ་འོག་མས་བདག་ཕུང་གཉིས་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཅིག་ཏུ་འདོད་ལ།
དེ་ལྟར་ན། དེ་གཉིས་ཆ་ཤས་ཐམས་ཅད་ནས་གཅིག་ཡིན་དགོས། དེ་ཡིན་ན་ལྡོག་པ་གཅིག་ཡིན་དགོས་པའི་ཕྱིར།
This is because the lower schools assert that the self and aggregates are inherently established one entity; in that case, those two are necessarily one in terms of all parts/aspects and if it is that, then it is necessarily one isolate.
དང་པོ་གྲུབ་སྟེ། རང་ངོས་ནས་གྲུབ་པའི་ངོ་བོ་གཅིག་ཡིན་ན། རང་གི་ལྟོས་ས་རྒྱུ་རྐྱེན་དང་ཆ་ཤས་གང་ཡང་མེད་དགོས་པའི་ཕྱིར།
The first is established because if it is one entity established from its own side, then it necessarily does not have any supports, i.e. causes and conditions, and parts.
གཞན་ཡང་། བདེན་གྲུབ་ཀྱི་ངོ་བོ་གཅིག་ཡིན་ན། ལྡོག་པ་གཅིག་ཡིན་དགོས་ཏེ། དེ་ཡིན་ན། རང་སྣང་བའི་བློ་གང་ལ་ཡང་ཐ་དད་དུ་མི་སྣང་བའི་ཡོད་པ་ཡིན་དགོས།
དེ་ཡིན་ན་ལྡོག་པ་གཅིག་ཡིན་དགོས་པའི་ཕྱིར།
Moreover, if it is truly established one entity, then it is necessarily one isolate because 1) if it is that, then it is necessarily an existent that does not appear differently to the awareness it appears to and 2) if it is that, then it is necessarily one isolate.
དང་པོ་གྲུབ་སྟེ། བདེན་གྲུབ་ཀྱི་གཅིག་ཡིན་ན། རང་སྣང་བའི་བློ་དེ་དེ་ཁོ་ན་ཉིད་ཡུལ་དུ་བྱེད་པའི་བློ་མ་འཁྲུལ་བ་ཡིན་དགོས་པའི་ཕྱིར།
The first is established because if it is truly established one, then the awareness to which it appears is necessarily a non-mistaken awareness taking suchness as its object.
ཁ་ཅིག ཕུང་པོ་ལྔ་པོ་བདག་ཡིན་ཞེ་ན།
Someone says: The five aggregates are the self.
གང་ཟག་གཅིག་གི་རྒྱུད་ལ་བདག་མང་པོ་ཡོད་པར་ཐལ། དམ་བཅའ་འཐད་པ་གང་ཞིག ཕུང་པོ་ལྔ་པོ་མང་བ་ཡིན་པའི་ཕྱིར།
Jetsunpa: It follows that many selves exist in the continuum of a single person because 1) the assertion is correct and 2) the five aggregates are many.
འདོད་མི་ནུས་ཏེ། ལུང་དེའི་དོན་གྲུབ་པའི་ཕྱིར།
You cannot accept because the established-meaning of the above sutra is correct.
ཁོ་ན་རེ། གང་ཟག་གཅིག་གི་རྒྱུད་ལ་བདག་མང་པོ་ཡོད་པར་ཐལ། དེའི་རྒྱུད་ལ་བདག་སྐད་ཅིག་སྔ་ཕྱི་མང་པོ་ཡོད་པའི་ཕྱིར་ན་མ་ཁྱབ་བོ།
Someone says: It follows that many selves exist in the continuum of a single person because there are many prior and later moments of the self in that continuum.
Jetsunpa: No pervasion.
Next: The self would be substantially existent
Up a level: Refuting the Buddhist assertions of the aggregates as the self