The sixteen emptinesses
- Emptiness of the inner ནང་སྟོང་པ་ཉིད།
- Emptiness of the outer ཕྱི་སྟོང་ཉིད།
- Emptiness of the inner and outer ཕྱི་ནང་སྟོང་ཉིད།
- Emptiness of emptiness སྟོང་པ་ཉིད་སྟོང་ཉིད།
- Emptiness of the great ཆེན་པོ་སྟོང་ཉིད།
- Emptiness of the ultimate དོན་དམ་པ་སྟོང་ཉིད།
- Emptiness of the compounded འདུས་བྱས་སྟོང་ཉིད།
- Emptiness of the uncompounded འདུས་མ་བྱས་སྟོང་ཉིད།
- Emptiness of that beyond extremes མཐའ་ལས་འདས་པ་སྟོང་ཉིད།
- Emptiness of the beginningless and endless ཐོག་མ་དང་ཐ་མ་མེད་པ་སྟོང་ཉིད།
- Emptiness of the non-discarded དོར་བ་མེད་པ་སྟོང་ཉིད།
- Emptiness of nature རང་བཞིན་སྟོང་ཉིད།
- Emptiness of all phenomena ཆོས་ཐམས་ཅད་སྟོང་ཉིད།
- Emptiness of own-character རང་གི་མཚན་ཉིད་སྟོང་ཉིད།
- Emptiness of the non-observed མི་དམིགས་པ་སྟོང་ཉིད།
- Emptiness of the nature of non-things དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ཉིད།
འདིར་སྟོང་ཉིད་བཅུ་དྲུག་བཤད་པ་ནི། རིགས་པ་མི་འདྲ་བའི་སྒོ་ནས་བཤད་པ་མ་ཡིན་ཏེ།
སྟོང་གཞི་ཐམས་ཅད་རྟག་མི་རྟག་གང་རུང་དུ་མི་བདེན་པའི་རིགས་པས་བཤད་པའི་ཕྱིར།
The explanation of sixteen emptinesses in this context is not explained in terms of different reasonings because of explaining it using the reasoning that all bases of emptiness are not truly existent as either permanent or impermanent.
གང་ཟག་གཅིག་གི་ངོར་རེ་རེ་ནས་བདེན་མེད་དུ་སྒྲུབ་དགོས་པའི་དབང་དུ་བྱས་པ་ཡང་མ་ཡིན་ཏེ།
ཆོས་གཅིག་བདེན་མེད་དུ་ངེས་ན་ཆོས་གཞན་ལ་བདེན་མེད་རྟགས་བཀོད་ནས་ངེས་ཅན་དུ་སྒྲུབ་མི་དགོས་པའི་ཕྱིར།
It is also not in terms of needing to prove their lack of true existence individually in the perspective of a single person because if one phenomenon is ascertained as lacking true existence, then it is not absolutely necessary to prove the lack of true existence of other phenomena through stating a sign.
དེས་ན་གང་ཟག་གཅིག་གིས་རིགས་པ་དེ་རྣམས་གཏན་ལ་ཕབ་ནས་སྒོམ་པའི་དབང་དུ་བྱས་པ་དང་།
གཞི་སོ་སོ་ལ་བདེན་ཞེན་ཤས་ཆེ་བའི་གང་ཟག་སོ་སོའི་དབང་དུ་བྱས་པ་གཉིས་ཀར་ཤེས་པར་བྱའོ།
Therefore, it should be known as being both in terms of:
- A single person cultivating the ascertainment of those reasonings
- Individual persons having varying degrees of conception of true existence wrt individual bases
Up a level: Explanation of the classifications of emptiness (Gomde)