Therefore, it is reasonable to follow only Nagarjuna
སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་སྲོལ་ཕྱེ་བའི་ལམ་ལས་ནི་ཕྱི་རོལ་དུ་གྱུར་པའི་གྲུབ་མཐའ་སྨྲ་བ་དེ་དག་ཆོས་ཅན། ཁྱོད་ལ་ཞི་བ་མྱང་འདས་ཐོབ་པའི་ཐབས་ཀྱི་གཅོ་བོ་མེད་དེ།
རྣམ་གཞག་ཕྱི་རོལ་དུ་གྱུར་པ་དེ་དག་ནི་ཀུན་རྫོབ་ཀྱི་བདེན་པ་དང། དེ་ཉིད་སྟེ་དོན་དམ་བདེན་པའི་རྣམ་གཞག་ཕྱིན་ཅི་མ་ལོག་པར་ཤེས་པ་ལས་
ཉམས་པའི་གང་ཟག་ཡིན་པའི་ཕྱིར།
The subject - rather than the path of the Charioteer Protector Nagarjuna, those proponents of outsider tenets - they lack the main method for attaining peace and liberation because they are persons who have degenerated from a non-erroneous understanding of the presentation of conventional truth and ultimate truth.
ཁྱབ་སྟེ། བདེན་གཉིས་དེ་ལས་ཉམས་པས་དེ་མ་བཏང་གི་བར་དུ་ཐར་པ་འགྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར་ཏེ།
There is pervasion because due to having degenerated from the two truths, so long as that is not discarded, there is no accomplishment of liberation...
ཐ་སྙད་བདེན་པའི་རྣམ་གཞག་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་དོན་དམ་པ་རྟོགས་པའི་ཐབས་སུ་གྱུར་པ་དང་།
དོན་དམ་བདེན་པ་ཇི་ལྟ་བ་བཞིན་རྟོགས་པ་ནི་ཐ་སྙད་བདེན་པ་ཕྱིན་ཅི་མ་ལོག་པར་ཤེས་པའི་ཐབས་ལས་བྱུང་བར་གྱུར་པ་ཡིན་ཞིང་།
བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་ཕྱིན་ཅི་མ་ལོག་པ་གང་གིས་མི་ཤེས་པ་དེ་ནི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་ལམ་ངན་པ་སྲིད་པའི་ལམ་དུ་ཞུགས་པའི་ཕྱིར།
Because correct knowledge of the presentation of conventional truths is the method for realising the ultimate and realising ultimate truth as it is becomes the method for correctly knowing conventional truth; those who do not correctly know the classifications of the two truths will enter the path of samsara, the wrong path of wrong conceptualisations.
Up a level: Refutation of the Cittamatra System