Three appearances of a river (Gomde Uma)
འོ་ན། ཆུ་ཀླུང་རྣག་ཁྲག་ཏུ་སྣང་བའི་ཡི་དྭགས་ཀྱི་མིག་ཤེས་ཚད་མར་འཇོག་ཚུལ་ཇི་ལྟར་ཡིན་ཞེ་ན།
In that case, how can the eye-consciousness of a preta to which a river appears as pus and blood be posited as a valid cognition?
དེ་ནི་ལས་ཅན་གྱི་ཡི་དྭགས་འགའ་ཞིག་གིས་ཆུ་ཀླུང་ལ་ལྟས་པའིེ་ཚེ་སྔོན་བསགས་པའི་ལས་ངན་གྱི་བདག་འབྲས་སུ་ཆུ་ཀླུང་གི་སྟེང་དུ་རྣག་ཁྲག་གསར་དུ་གྲུབ་པ་ཡིན་པས་དེ་ལ་ཚད་མར་སོང་བ་ཡིན་གྱི། ཆུ་ཀླུང་རྣག་ཁྲག་ཡིན་པ་ལ་ཚད་མར་མ་སོང་།
When some pretas with certain karma look at a river, then as the dominant result of their previously accumulated negative actions, pus and blood are newly established on the basis of the river and therefore that [eye-consciousness] becomes a valid cognition wrt that; it does not become a valid cognition wrt the river being pus and blood.
བྱས་པ་ལ། ཁོ་ན་རེ། དེ་འདྲའི་ཡི་དྭགས་ཀྱི་མིག་ཤེས་དེ་ཆུ་ཀླུང་ལ་བལྟ་བའི་ཚེ་ཆུ་ཀླུང་རྣག་ཁྲག་ལ་ཚད་མ་ཡིན་པར་ཐལ། དེའི་ཚེ་ཆུ་ཀླུང་རྣག་ཁྲག་ཡིན་པའི་ཕྱིར།
མ་གྲུབ་ན། དེར་ཐལ། དེའི་ཚེ་ཆུ་ཀླུང་རྣག་ཁྲག་ཏུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ཆུ་ཀླུང་རྣག་ཁྲག་ཏུ་སྣང་བའི་ཚད་མ་ཡོད་པའི་ཕྱིར་ན།
Regarding that, someone says: It follows that the eye-consciousness of such a preta at the time of looking at the river is a valid cognition wrt the river being pus and blood because at that time, the river is pus and blood.
That follows because at that time, a valid cognition realising the river as pus and blood exists; because at that time, a valid cognition to which the river appears as pus and blood exists.
མ་ཁྱབ། འོ་ན་བུམ་པ་བདེན་གྲུབ་ཏུ་རྟོགས་པའི་ཚད་མ་ཡོད་པར་ཐལ། བུམ་པ་བདེན་གྲུབ་ཏུ་སྣང་བའི་ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས།
རྟགས་གྲུབ་ཏེ། བུམ་པ་བདེན་མེད་དུ་རྟོགས་པའི་རིགས་ཤེས་རྗེས་དཔག་ཐམས་ཅད་དེ་ཡིན་པའི་ཕྱིར།
Answer: No pervasion. In that case, it follows that a valid cognition realising pot as truly established exists because a valid cognition to which the pot appears as truly established exists. You asserted the pervasion.
The reason is established because all inferences that are reasoning consciousnesses realising the pot as not truly established are that.
དེ་ལ་ཁོ་ན་རེ། དེ་འདྲའི་རིགས་ཤེས་རྗེས་དཔག་ལ་བུམ་པ་བདེན་གྲུབ་ཏུ་མི་སྣང་བར་ཐལ། དེ་ལ་བུམ་པ་བདེན་མེད་དུ་སྣང་བའི་ཕྱིར། ཟེར་ན། མ་ཁྱབ།
Regarding that, someone says: It follows that the pot does not appear as truly established to such inferences that are reasoning consciousnesses because the pot appears to those as lacking true existence.
Answer: No pervasion.
བྱས་པ་ལ། འོ་ན། གངས་རི་སྔོན་པོར་སྣང་བའི་ཚད་མ་ཡོད་པར་ཐལ། ཆུ་ཀླུང་རྣག་ཁྲག་ཏུ་སྣང་བའི་ཚད་མ་ཡོད་པའི་ཕྱིར་ན་མ་ཁྱབ་པ་ཤིན་ཏུ་གསལ་ལོ།
If someone says to that: In that case, it follows that a valid cognition to which snow mountains appear as blue exists because a valid cognition to which the river appears as pus and blood exists.
Answer: Very clearly no pervasion.
ཡང་ཁོ་ན་རེ། ལས་ཅན་གྱི་ལྷ་མི་ཡི་དྭགས་གསུམ་གྱིས་བརླན་ཞིང་གཤེར་བ་ཕོར་པ་གང་ལ་ཐུན་མོང་དུ་བལྟས་པའི་ཚེ།
བརླན་ཞིང་གཤེར་བ་ཕོར་པ་གང་གི་གོ་ས་ན་ཆུ་དང་། བདུད་རྩི་དང་། རྣག་ཁྲག་ཕོར་པ་གང་རེ་ཚད་གྲུབ་ཏུ་ཡོད་པར་ཐལ།
ལས་ཅན་ཡི་དྭགས་འགའ་ཞིག་གིས་ཆུ་ཀླུང་ལ་བལྟས་པའི་ཚེ་ཆུ་ཀླུང་གི་སྟེང་དུ་རྣག་ཁྲག་ཚད་གྲུབ་ཏུ་ཡོད་པའི་ཕྱིར།
Also, someone says: It follows that when the three - a deva, human, and preta - commonly look at a cup filled with wet and moistening, then a cup full of water, nectar, and pus and blood are each validly established to exist in that place of the cup filled with wet and moistening because when some pretas look at the river, pus and blood is validly established to exist on the basis of the river.
འདོད་ན། གཟུགས་ཅན་གཅིག་གི་གོ་སར་གཟུགས་ཅན་གྱི་དངོས་པོ་གཞན་གནས་པ་ཡོད་པར་ཐལ། འདོད་པའི་ཕྱིར།
འདོད་ན། ཆུའི་གོ་སར་མེ་དང་ས་རྡོ་སོགས་གནས་པ་ཡོད་པར་ཐལ། འདོད་པའིེ་ཕྱིར་ན།
If accepted: It follows that the abiding of some physical things upon the place of another physical thing because the above was accepted.
If accepted: It follows that fire, earth, rocks, and so forth abide upon the place of water because the above was accepted.
མ་ཁྱབ་སྟེ། གཟུགས་ཅན་བྲག་རི་སོགས་ཀྱི་གོ་སར་གཟུགས་ཅན་བར་དོའི་ལུས་རྒྱུ་ཞིང་གནས་པ་ཡོད་པའི་ཕྱིར་རོ།
Answer: No pervasion because the physical bodies of bardo beings moves through and abides upon the place of physical things such as mountains and so forth.
ཡང་ཁོ་ན་རེ། བརླན་ཞིང་གཤེར་བ་ཕོར་པ་གང་ལ་ལས་ཅན་དེ་གསུམ་གྱིས་ཐུན་མོང་དུ་བལྟས་པའི་ཚེ། དེ་ན་ཕོར་གང་གསུམ་ཡོད་པར་ཐལ།
དེའི་ཚེ་དེ་ཆུ་ཕོར་གང་ཡོད་པ་གང་ཞིག།བདུད་རྩི་ཕོར་པ་གང་དང་། རྣག་ཁྲག་ཕོར་གང་ཡང་ཡོད་པའི་ཕྱིར་ན་མ་ཁྱབ།
Moreover, someone says: It follows that when those three commonly look at the cup filled with wet and moistening, three full cups exist there because at that time, 1) a cup filled with water exists there and 2) a cup filled with nectar and a cup fulled with pus and blood also exist there.
Answer: No pervasion.
ཁྱབ་སྟེ། དེ་གསུམ་དེ་ཕོར་གང་གསུམ་ཡིན་པའི་ཕྱིར་ན་ཡང་མ་ཁྱབ་བོ།
If they say: There is pervasion because those are the three cups filled with those three.
Answer: Also no pervasion.
འོ་ན་སྐྱེས་བུ་ལྷས་བྱིན་ལ་དེའི་དགྲ་གཉེན་གཉིས་ཀྱིས་ཐུན་མོང་དུ་བལྟ་བའི་ཚེ། ལྷས་བྱིན་གཉིས་ཡོད་པར་ཐལ།
དེའི་ཚེ་གཉེན་ལ་ཡིད་འོང་དུ་སྣང་བའི་ལྷས་བྱིན་ཡོད་པ་གང་ཞིག དགྲ་ལ་ཡིད་མི་འོང་དུ་སྣང་བའི་ལྷས་བྱིན་ཡང་ཡོད་པའི་ཕྱིར། ཁྱབ་པ་འགྲིག
In that case, it follows that when Devadatta is commonly looked at by his enemy and friend, then two Devadattas exist because at that time 1) a Devadatta that appears as pleasant to the friend exists and 2) a Devadatta that appears unpleasant to the enemy also exists. The pervasion is the same.
དེས་ན་ལས་ཅན་ཡི་དྭགས་འགའ་ཞིག་གིས་ལྗོན་ཤིང་འབྲས་བུ་ཅན་ལ་བལྟས་པའི་ཚེ། ལྗོན་ཤིང་འབྲས་བུ་ཅན་མ་མཐོང་བར་དེ་ཉིད་ཤིང་སྡོང་སྐྱ་ཧྲུལ་པོར་སྣང་བ་ཡིན་པས། ཚད་མར་སོང་ས་ཡང་ཤིང་སྡོང་སྐྱ་ཧྲུལ་པོར་དེ་ཉིད་ཡིན་གྱི། ལྗོན་ཤིང་འབྲས་བུ་ཅན་མེད་པར་རྟོགས་པ་མིན་ནོ།
Therefore, when some pretas look at a fruitful tree, without perceiving the fruitful tree, just that appears as a whitish bare tree-trunk; therefore, what [their eye-consciousness] has become a valid cognition wrt is that very whitish bare tree-trunk but it does not realise the non-existence of the fruitful tree.
དེ་བཞིན་དུ་ཆུ་ཀླུང་སྐམ་པར་སྣང་བའི་ཡི་དྭགས་ཀྱི་མིག་ཤེས་ཀྱང་འོག་གཞི་གྲམ་པ་སོགས་ལ་ཚད་མར་སོང་བ་ཡིན་གྱི།
ཆུ་ཀླུང་སྐམ་པ་དེའི་གཞལ་བྱར་འཇོག་མི་དགོས་པས་ཚད་མ་དངོས་གནས་པ་ཡིན་ནོ།
Similarly, the eye-consciousness of the the pretas to whom a river appears to be dry has become a valid cognition wrt the riverbed beneath; since it is not necessary to posit the dry river as its cognised-object, it is an actual valid cognition.
དེ་ལ་ཁོ་བོའེ་དོགས་པ་ནི་ལས་ཅན་མི་དང་ཡི་དྭགས་ཚོགས་པའི་ཚེ་སྐད་ཅིག་གཉིས་པར་སྐམ་པར་ངེས་པའི་ལྗོན་ཤིང་དང་སྐམ་པར་མ་ངེས་པའི་ལྗོན་ཤིང་གཉིས་
ལྗོན་ཤིང་འབྲས་བུ་ཅན་ཅིག་གི་སྟེང་དུ་ཡོད་པར་ཐལ། ལས་ཅན་མི་དང་ཡི་དྭགས་གཉིས་ཀྱིས་ལྗོན་ཤིང་འབྲས་བུ་ཅན་གཅིག་ལ་ཐུན་མོང་དུ་བལྟས་པའི་ཚེ་
གཞི་དེར་སྐམ་པའི་ཆ་དང་མ་སྐམ་པའི་ཆ་གཉིས་ཡོད་པའིེ་ཕྱིར། ཟེར་ན།
If someone says: Our doubt is that it follows that when a preta and a human come together, then in the second moment a tree that is ascertained to be dry and a tree that is not ascertained to be dry would both exist on the basis of the fruitful tree because when both the preta and the human commonly look at a single fruitful tree, then both the factor of being dry and the factor of not being dry would exist upon that basis.
འདི་འདྲ་བའི་རྩོད་པའི་ལན་དུ། རང་རེའི་ཡིག་ཆར་ཆུའི་ཆ་ཤས་སྔ་མས་ཉེར་ལེན་དང་། ཡི་དྭགས་ཀྱི་ལས་ངན་པས་བདག་རྐྱེན་བྱས་ཏེ་རྣག་ཁྲག་གསར་དུ་གྲུབ་ཅེས་
འབྱུང་བ་དང་བསྟུན་ནས་ལན་འདེབས་དགོས་ཏེ། ཁས་ལེན་འཛིན་མཚམས་དཀའ་བ་འདི་འདྲ་བ་མང་དུ་སྣང་བའི་ཕྱིར་རོ།
In response to such a debate: It is necessary to answer in accordance with what is found in our individual textbooks, saying that the pus and blood is newly established through the previous parts of the water as the substantial cause and the preta's negative karma as the dominant condition, because there appear many different points that are difficult to accurately assert.
ཡང་ཁོ་ན་རེ། དགུན་གྱི་དུས་སུ་ཉི་མའི་འོད་ཟེར་དང་ཡི་དྭགས་ཀྱི་ལུས་ཤེས་ཕྲད་པའི་ཚེ་ཉི་མའི་འོད་ཟེར་གྱི་སྟེང་ན་གྲང་རེག་ཡོད་པར་ཐལ།
ལས་ཅན་གྱི་ཡི་དྭགས་དང་ཆུ་ཀླུང་ཕྲད་པའི་ཚེ་ཆུ་ཀླུང་གི་སྟེང་དུ་རྣག་ཁྲག་ཡོད་པའི་ཕྱིར།
འདོད་ན། དེའི་ཚེ་གྲང་རེག་དེ་ཆོས་ཅན། གྲང་རེག་མ་ཡིན་པར་ཐལ། ཚ་རེག་ཡིན་པའི་ཕྱིར།
མ་གྲུབ་ན། དེར་ཐལ། ཚ་བའི་རེག་བྱ་ཡིན་པའི་ཕྱིར། ཟེར་ན།
Moreover, someone says: It follows that when sunlight contacts the preta's body-consciousness in winter, coldness exists upon the basis of the sunlight because when the preta contacts the river, then pus and blood exist on the basis of the river.
If accepted: The subject - coldness at that time - it follows it is not coldness because it is hotness.
If reason not established: That follows because it is the tangible-object of heat.
མ་ཁྱབ། རྟགས་གྲུབ་ཏེ། ཉི་མའི་འོད་ཟེར་གྱི་རེག་བྱ་ཡིན་པའི་ཕྱིར་ཞེས་ཟེར་རོ།
Answer: No pervasion. The reason is established because it is the tangible-object of sunlight.
Up a level: Example of the three appearances of a river