Three refutations of external objects
སེམས་ཙམ་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་ལ། སློབ་དཔོན་ཕྱོག་གླང་གིས་རྡུལ་འདུས་པ་དང་ཕྲ་རབ་གཟུང་དོན་ཡིན་པ་་་་་་པ་དེ་ལ།
རྡུལ་ཕྲ་རབ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པ་འགོག་པ་དང་། ཕྲ་རབ་འདུས་པ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པ་འགོག་པ་གཉིས་ལས།
དང་པོ་ནི། དམིགས་པ་བརྟག་པ་ལས། (ālambanaparīkṣā)
།དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །དེར་མི་སྣང་ཕྱིར་དེའི་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན༑
དོན་ནི། རྡུལ་ཕྲ་རབ་རེ་རེ་བ་ཆོས་ཅན། དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་པར་ཐལ། དེ་དག་དབང་ཤེས་ཀྱི་ཡུལ་ཡིན་དུ་ཆུག་ཀྱང་དབང་ཤེས་ལ་མི་སྣང་བའི་ཕྱིར།
དཔེར་ན་མིག་དབང་བཞིན་ཞེས་པའོ།
གཉིས་པ་ནི། རྡུལ་ཕྲ་རབ་འདུས་པ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པ་འགོག་པ་ནི། དམིགས་པ་བརྟག་པ་ལས།
།གང་ལྟར་སྣང་དེ་དེ་ལས་མིན། །རྫས་སུ་མེད་ཕྱིར་ཟླ་གཉིས་བཞིན།
དོན་ནི། རྡུལ་ཕྲ་རབ་དུ་མ་འདུས་པ་་་ཆོས་ཅན། དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་པར་ཐལ། རྫས་སུ་མེད་པའི་ཕྱིར། དཔེར་ན་ཟླ་གཅིག་ཟླ་གཉིས་ཡིན་པ་བཞིན་ནོ། ཞེས་པའོ།
་་་རྡུལ་ཆ་མེད་འགོག་པའི་རིགས་པ་ནི།
དོན་ནི། བུམ་པ་ལྟ་བུ་ཕྱི་རོལ་གྱི་དོན་དུ་གྲུབ་ན་ཕྱི་དོན་ཀྱི་རྡུལ་ཕྲན་དུ་མ་འདུས་ཏེ་གྲུབ་པ་ཡིན་དགོས། དེ་ལྟར་ན་བུམ་པའི་ཆ་ཤས་བསིལ་བ་ན་མཐར་ཕྲ་རབ་ཆུང་ཤོས་ལ་ཐུག་པར་འགྱུར་ལ།
Up a level: Refutation of the Cittamatra System