Twenty views of self (Tendarwa)

Related with verses: 6.144 and 6.145

དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་རྣམ་པར་ཤེས་པ་སོགས་རང་བཞིན་གྱིས་གྲུབ་པའི་བདག་ཏུ་ལྟ་བའི་ལྟ་བ་དེ་འཇིག་ལྟ་ཀུན་བཏགས་ཡིན་ཞིང༌།
འཇིག་ལྟ་ཀུན་བཏགས་དེ་ལ་ཉི་ཤུ་ཡོད་དེ།
The Svatantrika and below's views, viewing the consciousnesses and so forth as an inherently established self, are acquired and there are twenty acquired views of the transitory collection:

  1. Viewing the form aggregate as an inherently established self
    གཟུགས་ཀྱི་ཕུང་པོ་རང་བཞིན་གྱིས་གྲུབ་པའི་བདག་ཏུ་ལྟ་བ་དང༌།
  2. Viewing the self as inherently possessing the form aggregate
    བདག་གཟུགས་ཀྱི་ཕུང་པོ་ལ་ལྡན་པར་རང་བཞིན་གྱིས་ལྟ་བ་དང༌།
  3. Viewing the form aggregate as inherently possessing the self
    བདག་ལ་གཟུགས་ཕུང་རང་བཞིན་གྱིས་ལྡན་པར་ལྟ་བ་དང༌།
  4. Viewing the self as inherently existing in the form aggregate
    གཟུགས་ཕུང་ལ་བདག་རང་བཞིན་གྱིས་ཡོད་པར་ལྟ་བ་དང་བཞི་ཡོད་པ་དེ་བཞིན་དུ།

ཕུང་པོ་ལྷག་མ་བཞི་ལ་ཡང་བཞི་བཞི་དང་བཅས་པ་ཉི་ཤུ་ཡོད་པའི་ཕྱིར།
Similarly, with those four for each of the four remaining aggregates, there are twenty.

དེ་འཇོམས་བྱེད་ཀྱི་གཉེན་པོ་ཡང༌། ཉན་ཐོས་ཀྱི་དབང་དུ་བྱས་ནས་སྤོང་བའི་ཚུལ་ཡོད་དེ། ཉི་ཤུ་པོ་དེ་དང་དེ་གང་ལ་གནས་པའི་འཇིག་ཚོགས་ལ་ལྟ་བ་ལྷན་སྐྱེས་ཀྱི་
རིའི་ལྷུན་སྟུག་པོ་དེའི་རྩེ་མོ་ཀུན་བཏགས་རྣམས་དང་ལྷན་ཅིག་ཏུ་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་གྱི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས།
དེས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱེད་པའི་ཕྱིར།
Moreover, there is a way in which they are abandoned by Hearers using their antidotes because those twenty that are the acquired peaks of that towering mountain of the innate view of the transitory collection upon which they abide are simultaneously destroyed by the vajra that is the Hearer's exalted wisdom of the uninterrupted path of the path of seeing, due to which they actualise the result of Stream-Enterer.

དེར་ཐལ། དེ་སྐད་དུ་ཡང་མདོ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོ་བ་ཡེ་ཤེས་ཀྱིས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ།
ཞེས་གསུངས་པའི་ཕྱིར།
That follows because sutra says: "The tall peaks of the mountain of the view of the transitory collection having been destroyed by exalted wisdom, the result of Stream-Enterer is actualised."


Up a level: Apprehension of true existence / Refuting the positions of being support and supported and so forth