Two sutra quotes
བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས།
ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། རྒྱ་མཚོ་མ་བསྐམས་བར་དུ་དེ་མི་འཛད། དེ་བཞིན་བྱང་ཆུབ་རྒྱུར་བསྔོས་དགེ་བ་ཡང་། བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད།
Teaching of Akṣayamati Sūtra:
Just as a water drop that falls in the great ocean will not be depleted until the great ocean dries up; similarly, virtues dedicated as the causes of enlightenment are not depleted until enlightenment is attained.
རྫོགས་བྱང་དུ་བསྔོས་པའི་དགེ་རྩའི་འབྲས་བུ་ཇི་ཙམ་ལོངས་སྤྱད་ཀྱང་ཟད་པར་མི་ནུས་པ་ལུང་དེའི་དོན་ཡིན།
The meaning of this passage is that regardless of how much the results of root virtues dedicated towards complete enlightenment are utilised, they cannot be exhausted.
སྡོང་པོ་བཀོད་པའི་མདོ་ལས།
དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་པ་སྲང་གཅིག་གིས། ལྕགས་སྲང་སྟོང་གསེར་དུ་བསྒྱུར་ཀྱང་། ལྕགས་དེས་དེ་ཅུང་ཟད་ཟད་པར་བྱ་མི་ནུས་པ་དཔེར་མཛད་ནས།
ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་རྩས་ལས་དང་ཉོན་མོངས་ཀྱི་ས་བོན་ཟད་པར་བྱེད་ནུས་ཀྱང་། ཅིག་ཤོས་ཀྱིས་དེའི་ས་བོན་ཚུར་ལ་འཇོམས་མི་ནུས་པར་བཤད།
Array of Stalks Sūtra: (paraphrase)
Using the example of a type of mercury called “Golden Appearance”, a single gram of which can transmute a thousand grams of iron into gold but cannot be exhausted in the least by that iron, to explain that although root virtues conjoined with Mahayana mind generation are able to exhaust the seeds of karma and afflictions, the other is not able to destroy the seeds of that [i.e. the other way round].
ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ལས་ཉོན་གྱི་ས་བོན་ཟད་པར་བྱེད་ནུས་ཀྱང་།
ལས་ཉོན་གྱིས་ཐེག་ཆེན་སེམས་བསྐྱེད་ཀྱི་ས་བོན་ཟད་པར་བྱེད་མི་ནུས་པ་ལུང་དེའི་དོན་ཡིན།
The meaning of that passage is that although one can exhaust the seeds of karma and afflictions in dependence upon Mahayana mind generation, karma and afflictions are not able to exhaust the seeds of Mahayana mind generation.
Up a level: Madhyamaka