Unique Prasangika presentation of mental direct perception (Panchen)
This way of positing mental direct perception is different from the Pramana system because in the continua of ordinary beings: ཡིད་ཀྱི་མངོན་སུམ་གྱི་འཇོག་ཚུལ་ཚད་མ་པ་དང་མི་འདྲ་སྟེ།
- The sense direct perception apprehending form explicitly knows form prior to the mental direct perception apprehending form; སོ་སྐྱེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱིས་གཟུགས་འཛིན་ཡིད་མངོན་གྱི་སྔ་རོལ་ཏུ་གཟུགས་དངོས་སུ་རིག
- The mental direct perception apprehending form knows form through the force of that prior sense direct perception; and སོ་སྐྱེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་གྱིས་སྔ་མ་དབང་མངོན་དེའི་སྟོབས་ཀྱིས་གཟུགས་རིག་ཅིང༌།
- It is by way of that that it becomes a valid cognition that eliminates superimpositions wrt form.
དེའི་སྒོ་ནས་གཟུགས་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་ཚད་མར་སོང་བ་ཡིན་པའི་ཕྱིར་ཏེ།
This is because:
- That mental direct perception eliminates superimpositions with respect to form; and
ཡིད་མངོན་དེ་གཟུགས་ལ་སྒྲོ་འདོགས་གཅོད་བྱེད་ཡིན་པ་གང་ཞིག - That mental direct perception:
- Does not know form in the way that form is known by the sense direct perception apprehending form; and also ཡིད་མངོན་དེས་གཟུགས་འཛིན་དབང་མངོན་གྱིས་གཟུགས་རིག་པ་ལྟར་དུ་གཟུགས་མ་རིག
- Does not know form in the way that the three types of [mental factor of] feeling (pleasant, unpleasant, and neutral) in the retinue of mental consciousnesses experience the three - pleasant, unpleasant, and neutral - that are their objects. དེས་ཡིད་ཤེས་འཁོར་གྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱིས་
རང་ཡུལ་དུ་གྱུར་པའི་བདེ་སྡུག་བཏང་སྙོམས་གསུམ་མྱོང་བ་ལྟར་དུ་ཡང་གཟུགས་མ་རིག་པའི་ཕྱིར་ཏེ།
བཞི་བརྒྱ་པའི་འགྲེལ་པ་ལས། རྣམ་པར་ཤེས་པ་གཉིས་ཀྱིས་དོན་གཅིག་རྣམ་པར་ཤེས་པ་མ་ཡིན་ཏེ།
གཅིག་ནི་ཡུལ་གྱི་རྣམ་པ་དངོས་སུ་གཅོད་པར་བྱེད་པར་སྟེ་གང་དང་པོར་སྐྱེ་བའོ། །གཉིས་པ་ནི་དངོས་སུ་བྱེད་པ་ཉིད་དུ་རྣམ་པར་ཤེས་པ་མ་ཡིན་ཏེ།
དབང་པོའ་ིརྣམ་པར་ཤེས་པའི་སྟོབས་ཀྱིས་དེ་ལྟར་རྟོག་ཅིང་སྐྱེ་བ་ན། དེས་ཀྱང་དོན་དེ་རྣམ་པར་ཤེས་སོ་ཞེས་ཉེ་བར་འདོགས་སོ། །ཞེས་དང༌།
ཚོར་བ་ལ་སོགས་པ་ལྟར་ཉམས་སུ་མྱོང་བའི་རྣམ་པ་ཡང་མ་ཡིན་ལ། གཟུགས་དང་སྒྲ་ལ་སོགས་པ་བཞིན་དབང་པོའ་ིསྒོ་ནས་ཡོངས་སུ་བཅད་པར་བྱ་བ་ཡང་མ་ཡིན་ནོ།
ཞེས་གསུངས།
This is because Candrakirti's Commentary on the Four Hundred Verses says:
- Two consciousnesses do not know the same object. One, that explicitly determines the aspect of the object, arises first. The second does now know directly; when it conceives and arises through the force of a sense-consciousness, it also knows that object. It is designated as such.
- It is not the aspect of experience in the same way as feeling and so forth and also not determined like forms, sounds, and so forth by way of the senses.
དེ་ཡང་ལུང་སྔ་མས་གཟུགས་འཛིན་དབང་མངོན་གྱི་སྟོབས་ཀྱིས་ཡུལ་རིག་པའི་གཟུགས་འཛིན་ཡིད་མངོན་ལྟ་བུ་དྲན་ཤེས་སུ་གསུངས་ལ།
Moreover, the previous statement indicates that the mental direct perception apprehending form that knows its object through the force of a sense direct perception apprehending form (for example) is a memory-consciousness.
ཡིད་མངོན་གང་ཡིན་དྲན་ཤེས་སུ་ངེས་སམ་སྙམ་ན་མ་ངེས་ཏེ།
བདེ་སྡུག་བཏང་སྙོམས་གསུམ་ཉམས་སུ་མྱོང་བའི་ཡིད་ཤེས་འཁོར་གྱི་ཚོར་བ་ལྟ་བུ་ཡིད་ཀྱི་མངོན་སུམ་དུ་ལུང་ཕྱི་མས་བསྟན་པ་ཡིན་ནོ།
Is mental direct perception necessarily memory-consciousness? Not necessarily because the [mental factor of] feeling in the retinue of mental consciousnesses that experience the three - pleasant, unpleasant, and neutral - are mental direct perception. This is indicated by the latter statement.
Next: The intention of Candrakirti's Four Hundred Verses about feelings (Jetsunpa)
Up a level: Mental direct perception