Unique qualities of the ten grounds (Gomde)
ཤེས་བྱ་ཆོས་ཅན། ས་དང་པོར་སྐྱེ་བ་མེད་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་ཡིན་ཏེ། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་འདིས་ནི།
The subject - objects of knowledge - on the first ground, 12 sets of 100 unproduced qualities are attained because upon attaining the first ground, this bodhisattva:
- Sees 100 Buddhas in a short instant སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་སངས་རྒྱས་བརྒྱ་མཐོང་བ་དང་།
- Is blessed by those 100 and realises their blessings
བརྒྱ་པོ་དེ་དག་གིས་རང་ཉིད་བྱིན་གྱིས་བརླབས་ཀྱང་སྟེ་བརླབས་པ་ཡང་བྱང་སེམས་འདི་ཡིས་རྟོགས་པ་དང་། - Is able to remain for 100 eons in a short instant སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱི་ཚེ་བསྐལ་པ་བརྒྱར་གནས་ནུས་པ་དང་།
- Correctly engages in exalted wisdom perceiving 100 [eons] in the past and future
སྔོན་དང་ཕྱི་མའི་མཐའི་བརྒྱ་ཡང་ཡེ་ཤེས་ཀྱི་གཟིགས་པ་ཡང་དག་པར་འཇུག་པ་དང་། - This intelligent bodhisattva enters and arises from absorption into 100 meditative stabilisations
བློ་ལྡན་བྱང་སེམས་འདིས་ནི་ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་སྙོམས་པར་འཇུག་ཅིང་གཏོང་བ་སྟེ་ལྡང་བར་བྱེད་པ་དང་། - This bodhisattva is able to shake 100 world systems བྱང་སེམས་འདི་ཡིས་འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པ་དང་།
- Is able to illuminate 100 world systems འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་ནུས་པ་དང་།
- By means of magical powers, the bodhisattva can ripen 100 sentient beings
དེ་བཞིན་དུ་རྫུ་འཕྲུལ་གྱིས་བྱང་སེམས་དེས་སེམས་ཅན་བརྒྱ་ཕྲག་སྨིན་པར་བྱེད་པ་དང་། - Will go to 100 pure lands of the Buddhas
བརྒྱ་ཕྲག་གི་གྲངས་དང་རྗེས་སུ་འབྲེལ་བ་སྟེ་དེའི་གྲངས་དང་ལྡན་པའིེ་སངས་རྒྱས་ཀྱི་ཞིང་དག་ཏུ་འགྲོ་བར་འགྱུར་བ་དང་། - The bodhisattva correctly opens 100 different doors of dharma
བྱང་སེམས་དེས་ནི་ཆོས་ཀྱི་སྒོ་མི་འདྲ་བ་བརྒྱ་རྣམས་ཡང་དག་པར་འབྱེད་པར་བྱེད་པ་དང་། - This child of the King of the Munis also displays their body as 100 bodies
ཐུབ་དབང་གི་སྲས་པོ་འདི་ནི་རང་གི་ལུས་ལ་ལུས་བརྒྱ་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན་པ་དང་། - Each of those 100 bodies is beautified and enriched with a display of 100 bodhisattvas in their retinue
ལུས་ནི་བརྒྱ་ཕྲག་རེ་རེ་ཞིང་རྒྱལ་བའི་སྲས་པོ་བརྒྱ་ཕག་རེ་རེ་དག་དང་རྗེས་སུ་འབྲེལ་བའང་སྟོན་པའི་རང་གི་འཁོར་དང་བཅས་པས་མཛེས་ཤིང་འབྱོར་བ་དང་
བཅུ་གཉིས་ཐོབ་པའི་ཕྱིར།
See: Increasing number of qualities (Salam)
བློ་ལྡན་ས་རབ་ཏུ་དགའ་བ་ལ་གནས་པས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ནི་ཐོབ་པར་འགྱུར་ནས།
ས་གཉིས་པར་འཕོས་པ་ནས་དང་པོ་ལ་བཤད་པ་དེ་བཞིེན་ཁོ་ནར་ས་གཉིས་པ་དྲི་མ་མེད་པ་ལ་གནས་པས་ཀྱང་ཆོས་ཅན།
ས་དང་པོ་ལས་ལྷག་པའི་ཡོན་ཏན་ཐོབ་པ་ཡིན་ཏེ།
སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་སྟོང་དུ་བྱས་པ་ནི་ཡང་དག་པར་ཐོབ་པར་འགྱུར་པའི་ཕྱིར།
The subject - the intelligent one abiding on the Very Joyous ground, will attain those 12 sets of 100 qualities; then, having transferred to the second ground, exactly as explained for the first, abiding on the second ground Stainless - will attain qualities superior to the first ground because each of those twelve qualities in a short instant times 1000 will be perfectly attained.
ཤེས་བྱ་ཆོས་ཅན། ས་གསུམ་པ་ནས་བདུན་པའི་བར་ས་ལྔ་པོ་འདི་དག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྔ་པ་ཡིས་ནི།
སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མའི་ཡོན་ཏན་ལྷག་པར་ཐོབ་པ་ཡིན་ཏེ།
The subject - objects of knowledge - the five bodhisattvas abiding on those five grounds between the third and the seventh will attain progressively greater qualities because:
- On the third ground: each of those twelve qualities times one hundred thousand
ས་གསུམ་པ་ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་འབུམ་ཕྲག་རེ་དང་། - On the fourth: times one-hundred ten million བཞི་པར་བྱེ་བ་བརྒྱ་ཕྲག་སྟོང་ཐོབ་ཅིང་།
- On the fifth: times one-thousand ten million ལྔ་པར་བྱང་སེམས་དེ་ཡིས་བྱེ་བ་སྟོང་འགྱུར་ཐོབ་ལ།
- On the sixth: times a hundred-thousand ten million དེ་ནས་ས་དྲུག་པར་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཏེ་བྱེ་བ་འབུམ་ཡང་ཐོབ་ཅིང་།
- On the seventh: times a hundred billion trillion བདུན་པར་བྱེ་བ་ཕྲག་ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་བསྒྱུར་བ་དང་།
དེ་ཉིད་སླར་ཡང་སྟོང་ཕྲག་ཏུ་ཡང་དག་པར་ནི་བསྒྱུར་པ་མཐའ་དག་སྟེ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་རབ་ཏུ་འཐོབ་པར་འགྱུར་བའིེ་ཕྱིར།
As such, they will attain a total of twelve times a hundred billion trillion qualities.
ས་བརྒྱད་པ་མི་གཡོ་བའི་སར་གནས་པ་བདེན་འཛིན་གྱི་རྣམ་རྟོག་མེད་པའི་བྱང་སེམས་དེས་ནི་ཆོས་ཅན། ས་བདུན་པ་ལས་ལྷག་པའི་ཡོན་ཏན་ཐོབ་སྟེ།
ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་པ་སྟེ་སྟོང་གསུམ་འབུམ་ཕྲག་གཅིག་གི་འཇིག་རྟེན་ན་རྡུལ་གྱི་གྲངས་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་གྲངས་མཉམ་པའི་ཡོན་ཏན་དག་ནི་འཐོབ་པར་འགྱུར་བའི་ཕྱིར།
The subject - the bodhisattva abiding on the eighth ground "Immovable" that lack conceptualisations of the apprehension of true existence - they have attained qualities superior to the seventh ground because for each of those twelve qualities, they attain qualities equal in number to the number of atoms in a billion world-systems.
ས་དགུ་པ་ལེགས་པའི་བློ་གྲོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཡིས་ནི་ཆོས་ཅན། ས་བརྒྱད་པ་ལས་ལྷག་པའི་ཡོན་ཏན་འཐོབ་སྟེ།
སྔར་བསྟན་པའིེ་ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་ཀྱང་སྟོང་གསུམ་གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་པར་བསྡོམས་པ་ཕྲག་བཅུ་སྟེ་
སྟོང་གསུམ་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་ཚད་དང་མཉམ་པ་འཐོབ་པར་འགྱུར་བའི་ཕྱིར།
The subject - the bodhisattva abiding on the ninth ground "Good Intelligence" - they have attained qualities superior to the eighth ground because for each of those twelve qualities, they have attained qualities equal in number to the number of atoms in a million billion world-systems.
བཅུ་པ་འདིར་གནས་པའི་བྱང་སེམས་དེ་ཆོས་ཅན། ས་དགུ་པ་ལས་ལྷག་པའི་ཡོན་ཏན་འཐོབ་སྟེ། ཡོན་ཏན་བཅུ་གཉིས་པོ་དེ་དག་རེ་རེ་ནས་ཀྱང་།
ངག་གི་སྤྱོད་ཡུལ་ལས་ཆེས་འདས་པར་འགྱུར་ཞིང་། ངག་གི་སྤྱོད་ཡུལ་མ་ཡིན་པ་བསྡོམས་རྣམས་ཏེ། བསྡོམས་ན་ནི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ན་རྡུལ་གྱི་གྲངས་ཚད་དག་ཇི་སྙེད་ཡོད་པར་དེ་སྙེད་ཀྱི་གྲངས་དང་མཉམ་པ་དག་ནི་འཐོབ་པར་འགྱུར་བའི་ཕྱིར།
The subject - the bodhisattva abiding on the tenth ground - they have attained qualities superior to the ninth ground because for each of those twelve qualities, their sum has gone beyond the scope of what can be expressed through speech; if summed up, they have attained qualities equal in number to the numberless atoms in the Buddha lands whose number is more inexpressible than inexpressible.
བྱང་སེམས་དེ་ཆོས་ཅན། ཡོན་ཏན་ལྷག་པོ་གཞན་ཡང་འཐོབ་སྟེ། ཀུན་སློང་གི་རྟོག་པ་མེད་པར་རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེར་བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་ལྷན་ཅིག་ཏུ་བཞུགས་པའི་རྫོགས་པའི་སངས་རྒྱས་ཀྱི་སྐུ་བགྲང་བ་ལས་འདས་པ་དང་། དེ་བཞིན་དུ་འགྲོ་བ་རིགས་ལྔའི་ལྷ་དང་ལྷ་མིན་དང་མི་ལ་སོགས་པ་ཐ་དད་པ་དག་ཀྱང་མ་འདྲེས་པར་དུས་སྐད་ཅིག་སྐད་ཅིག་རེ་རེ་ལ་ནི་སྟོན་པར་ནུས་པའི་ཕྱིར།
The subject - that bodhisattva - they have also attained other qualities because without any conceptual motivation, they are able to display in every hair-pore of their body countless perfect Buddha bodies abiding together with a retinue of bodhisattvas and likewise can display as the five types of migrators (gods, demigods, humans, and so forth) in every moment without mix-up.
ཀྱང་གི་སྒྲས་ནི་བརྒྱ་བྱིན་སོགས་སུ་སྟོན་པའང་བསྡུད་དོ།
The term "also" includes their displaying as Indra and so forth.
དེ་ཡང་ཡོན་ཏན་བཅུ་གཉིས་པོ་དེ་དག་སྤྱིར་ཐོབ་པ་ཙམ་གྱི་དུས་སྐད་ཅིག་མ་གཅིག་ལ་འཐོབ་པའི་དོན་ནོ།
This is also the meaning of those twelve qualities not merely being attained in general but being attained in a single moment of time.
འོ་ན། བསྐལ་པ་བརྒྱར་གནས་ནུས་པའི་དོན་དེ་ཇི་ལྟ་བུ་ཡིན་ཞེ་ན། དུས་སྐད་ཅིག་མ་གཅིག་བསྐལ་པ་བརྒྱའི་ཆེད་དུ་བྱིན་གྱིས་བརློབས་ནུས་ཞེས་པ་ཡིན་ནམ།
ཡང་ན་ཚེ་ལྷག་སྐད་ཅིག་མ་གཅིག་ལས་མེད་པའི་ཚེ་བསྐལ་པ་བརྒྱར་བསྲིངས་ནུས་ཅེས་པའི་དོན་གང་ཡིན་དཕྱད་པར་བྱ་དགོས་ཏེ།
འདི་དག་རང་ཅག་གི་བློའེ་ཡུལ་ལས་འདས་པས་ཇི་ལྟ་བ་བཞིན་དུ་འཆད་པར་དཀའ་བའི་ཕྱིར།
What is the meaning of being able to remain for a hundred eons? It needs to be investigated whether the meaning of that is that a single moment of time can be transformed (blessed) into a hundred eons or that when only having a single moment of life left, they can extend it to last a hundred eons. This is because these go beyond the scope of our awareness and therefore are difficult to explain as they are.
Up a level: Madhyamaka