Way of attaining Buddhahood (Gomde)
སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གནས་འོག་མིན་དུ་ནི་གང་གི་དོན་དུ་འབད་པ་བརྩོམ་པར་གྱུར་པའིེ་གོ་འཕང་མཆོག་ཏུ་ཞི་བ་བླ་ན་མེད་པ་དྲན་པ་ཉེར་བཞག་ལ་སོགས་པའི་ཡོན་ཏན་མཐའ་དག་གི་མཐར་ཐུག་འདི་དང་འདྲ་བ་མེད་པས་མཚུངས་པ་མེད་པའི་ཡེ་ཤེས་དེ་ཁྱོད་ཀྱིས་བརྙེད་དེ། གང་གི་ཕྱིར་དཔེར་ན།
སྟོན་ཁའི་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བ་ཉ་གང་བའི་སྣང་བས་མུན་པ་བསལ་བའི་སྒོ་ནས་འགྲོ་བ་མ་ལུས་གསལ་བར་འགྱུར་པའི་ཕྱིར་སྣང་བར་བྱེད་ནུས་པ་དེ་བཞིན་དུ། སྔོན་གྱི་ཚེ་ས་དགུ་པ་མན་ཆད་དུ་འབད་པ་མ་ཟད། སྟོབས་བཅུ་པ་སངས་རྒྱས་ཀྱི་ས་སྐྱེད་པར་བྱེད་པའི་ས་བཅུ་པའི་སྐབས་ལའང་ཁྱོད་ཀྱིས་སྐུ་བཞི་མྱུར་དུ་འཐོབ་པར་ཤེས་ནས། སླར་ཡང་འབད་པར་གྱུར་པས་འབྲས་བུ་མཐར་ཐུག་དེ་ཁྱོད་ཀྱིས་བརྙེད་པའི་ཕྱིར།
The subject - the Buddha Bhagavan - in the abode of Akaniṣṭha, they attain the unsurpassed, supreme state for which they have striven, the unequalled exalted wisdom due to its unique final qualities of the close placements of mindfulness and so forth because, for example, just like the illumination of the full moon in the pristine autumn sky is able to clear away the darkness and illuminate [things] for all migrators, similarly, they previously strove not only on the ninth ground and below, but also on the tenth ground that is the producer of the ten strengths of the Buddha-ground, knowing they will quickly attain the Four Bodies, strove even further and thereby attained the final result.
འདིར་ཟླ་བའི་དཔེ་ནི་ས་བཅུ་པ་དང་སྦྱོར་ལ། དེ་ཡང་སྟོན་དུས་ཀྱི་ནམ་མཁའི་དྲི་མ་མེད་པ་ལ་ཤར་བའི་ཟླ་བ་ཉ་གང་བ་དེས་མུན་པ་བསལ་བས་གཟུགས་གསལ་བར་བྱེད་པ་ལྟར། རྒྱན་མཐའི་ཡེ་ཤེས་དེས་ཀྱང་ནམ་མཁའ་དང་འདྲ་བའི་ཆོས་དབྱིངས་ལ་མཉམ་པར་བཞག་བཞིན་པའིེ་ངང་ནས་མུན་པ་འདྲ་བའི་ཤེས་སྒྲིབ་མ་ལས་པ་བསལ་བའི་སྒོ་ནས་ཆོས་ཅན་ཇི་སྙེད་པ་མཐའ་དག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེད་ནུས་ཞེས་པའི་དོན་ནོ།
In this context, the example of the moon is connected to the tenth grounder: Just as the full moon shining in the pristine autumn sky acts to light up forms through clearing away darkness, the exalted wisdom of the end of the continuum enters meditative absorption into the sky-like dharmadhatu, within that state clears away the darkness-like knowledge obscurations, and is thereby able to generate the exalted wisdom directly realising all the varieties of dharmins.
འོ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གནས་འོག་མིན་དུ་བརྙེད་ན་དུས་ཇི་ལྟ་བུ་ལ་ཚུལ་ཇི་ལྟ་བུར་མངོན་དུ་མཛད་ཅེ་ན།
In that case, if the exalted wisdom of the exalted knower of all aspects is attained in the abode of Akaniṣṭha, when and how is it actualised?
སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། མཁྱེན་པ་བཟང་པོ་ཅན་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་བརྙེད་དེ།
ཤེས་བ་ཐམས་ཅད་རང་བཞིེན་མེད་པའི་རོ་མཉམ་པ་ཉིད་དུ་ཁྱོད་ཀྱིས་ཡང་དག་པར་ཐུགས་སུ་ཆུད་པར་མཛད་པ་མཐར་ཕྱིན་པར་གྱུར་པ་དེའི་ཕྱིར།
The subject - the Buddha Bhagavan - the possessor of excellent exalted knowing has attained the exalted wisdom realising all objects of knowledge in a single moment because that is the perfected correct realisation that all objects of knowledge are of one-taste in lacking inherent existence.
ཇི་ལྟར་ཏེ་དཔེར་ན་བུམ་པ་དང་འཁར་གཞོང་སོགས་སྣོད་ཀྱི་མི་འདྲ་བའི་དབྱེ་བ་ཐ་དད་ཀྱང་དེ་དག་ལ་ཁྱབ་པའི་ནམ་མཁའ་ལ་ནི་སྒྲིབ་ཐོགས་དང་བྲལ་ཙམ་དུ་མཚུངས་པས་མི་འདྲ་བའི་དབྱེ་བ་མེད་པ་དེ་ལྟར་དུ་དེ་ཁོ་ན་ཉིད་དངོས་པོ་བྱས་པའི་དབྱེ་བ་མི་འདྲ་བ་འགའ་ཡང་མེད་པས་ན་དེ་ཉིད་ལ་རོ་མཉམ་པ་སྟེ་ཡང་དག་ཚུལ་གྱིས་མཉམ་པར་བཞག་པའི་དེའི་ཕྱིར་རོ།
For example, although vessels are divided into different kinds, such as a pot, a metal bowl, and so forth, the space inside of those cannot be divided into different kinds because of being identical in being the mere absence of obstruction and hindrance. Similarly, since suchness is devoid of any divisions into different kinds created by things, they are of one-taste and can be correctly meditatively absorbed into [lit. equally absorbed into].
Objections regarding the realisation and realiser:
- Objection of the non-realisation of suchness དེ་ཁོ་ན་ཉིད་རྟོགས་པ་མི་འཐད་པའི་རྩོད་པ།
- Objection of the fallacy of its knower མཁྱེན་པ་པོ་མི་འཐད་པའི་རྩོད་པ།
Up a level: Madhyamaka