Who asserts and does not assert an Alaya (Tendarwa)

དེའི་རྗེས་སུ་འབྲང་བའི་གང་ཟག་ལ་ཡང་དེ་ཡོད་པར་འདོད་མི་འདོད་གཉིས་ཡོད་དེ།
Also the person following those are of two types: those asserting and not asserting it to exist; because...

མགོན་པོ་ཀླུ་སྒྲུབ་ལུགས་ཀྱི་ཐལ་འགྱུར་གྱི་སྲོལ་ཕྱེ་བའི་རྗེས་སུ་འབྲང་བའི་ཐལ་འགྱུར་བ་མཐའ་དག་དང༌། རང་རྒྱུད་པ་ཕལ་ཆེ་བ་རྣམས་ཀྱིས་དེ་མེད་པར་འདོད་པ་དང༌།
All Prasangikas who follow the Protector Nagarjuna's trailblazing of the Prasangika system and most Svatantrikas assert it as non-existent.

འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་གྱི་སྲོལ་ཕྱེ་བའི་རྗེས་སུ་འབྲང་བའི་ལུང་གི་རྗེས་སུ་འབྲངས་པའི་སེམས་ཙམ་པས་དེ་ཡོད་པར་འདོད་པ་དང༌།
རིགས་པའི་རྗེས་འབྲང་གི་སེམས་ཙམ་པས་དེ་མེད་པར་འདོད་པའི་ཕྱིར།
The Cittamatra followers of scripture who follow Arya Asanga's trailblazing of the Cittamatra assert it as existent; whereas the Cittamatra followers of reasoning assert it as non-existent.

སེམས་ཙམ་པ་ལ་ཀུན་གཞི་ཡོད་པར་འདོད་པ་དང་མེད་པར་འདོད་པ་གཉིས་ཡོད་པ་དེ་བཞིན་དུ། རང་རྒྱུད་པ་ལ་ཡང་གཉིས་ཡོད་དེ། ཞི་འཚོ་ཡབ་སྲས་དང༌།
འཕགས་སེང་གཉིས། ལེགས་ལྡན་འབྱེད། ཨ་བྷྱཱ་ཀ་ར་དང་བཅས་པ་རྣམས་ཀུན་གཞི་མེད་པར་འདོད། ཙནྡྲ་གོ་མི་དང་ལྭ་བ་པ་གཉིས་ཡོད་པར་འདོད་པའི་ཕྱིར།
Just as among the Cittamatrins there exist those who assert the Alaya as existent and those who assert it as non-existent, there are also two types of Svatantrikas:

  1. Shantarakshita and Kamalashila, Arya Vimuktasena and Haribhadra, Vasubhandu, and Abhyakaramati assert that the Alaya does not exist;
  2. Chandragomin and Lawapa assert that it exists.

འོ་ན། ཀུན་གཞི་ཁས་ལེན་པའི་དབུ་མ་པ་མེད་དམ་སྙམ་ན་མ་ཡིན་ཏེ། ལམ་རིམ་ལས། ཀུན་གཞི་ཁས་ལེན་པའི་དབུ་མ་པ་ཁ་ཅིག་དང༌། ཞེས་གསུངས་ཤིང༌།
དེ་ཡང་སློབ་དཔོན་ཙནྡྲ་གོ་མི་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱི་གཞུང་ལས། ཀུན་གཞི་གསུངས་པ་མང་དུ་བྱུང་བ་ལ་དགོངས་སོ་ཞེས་བདག་གི་བླ་མས་གསུང༌།
Panchen: In that case, are there no Madhyamikas who assert an Alaya? The Lamrim says "A Madhyamika who asserts an Alaya says...", and my Lama says this is the intention of Acharya Chandragomin's and Jñānapāda's texts that often indicate an Alaya.


Kamalashila's Word Commentary on [Shantarakshita's] Summary on Suchness says:
(Tattvasaṃgrahapañjikā) དེ་ཁོ་ན་ཉིད་བསྡུས་པའི་བཀའ་འགྲེལ།

ཡིད་ཀྱི་བློ་ཁོ་ན་སྐྱེ་བ་གཞན་དུ་མཚམས་སྦྱོར་བར་ནུས་པ་ཡིན་ཏེ།
དེ་སྐད་དུ་ཡང༌། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོས་སྐྱེ་བ་ནི། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་བཤད་དོ།
Only the mind/awareness is able to connect to other births; this is also said in [Vasubandhu's ABK 3.42:] Severed and rejoined, the separated from attachment and those degenerated from that, death-transference, and birth, are asserted as being only the mental consciousness.

Six occasions that are only the mental consciousness (Gendun Drub):

  1. Minds where roots of virtue having been severed by wrong views, and ལོག་ལྟས་དགེ་རྩ་འཆད་པ་དང་།
  2. That have rejoined through correct views and so forth; ཡང་དག་པའི་ལྟ་བ་སོགས་ཀྱིས་མཚམས་སྦྱོར་བའི་སེམས་དང་།
  3. Meditative equipoise that are separated from attachment, and འདོད་ཆགས་དང་འབྲལ་བའི་མཉམ་གཞག་དང་།
  4. Those that have degenerated from those; དེ་ལས་ཉམས་པ་དང་།
  5. The minds of death-transference, and འཆི་འཕོ་བ་དང་།
  6. Birth སྐྱེ་བའི་སེམས་རྣམས།

ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་དེ། ཕལ་ཆེ་བ་ཕྱིན་ཅི་ལོག་གི་རྟོག་པ་ཡིན་པ་དང་། ཁ་ཅིག་དེ་མིན་ཡང་དབང་ཤེས་ལ་དེ་དག་མེད་པའི་ཕྱིར།
These minds are asserted as only mental consciousness because most are wrong conceptions and although some are not, they do not exist among sense consciousnesses.


Up a level: Presentation of cause and effect does not require positing an Alaya (Tendarwa)