Abider in Non-Returner
འབྲས་གནས་བཞིའི་ནང་ཚན་གང་ཞིག །ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ།
ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད།
Definition: Someone who is:
- A subdivision of the four Abiders and
- Abiding in the result of the Way of the Śramaṇa that abides in the class distinguished by having abandoned the five partial concordances with the lower.
འདོད་པར་ལས་ཉོན་གྱིས་ཕྱིར་མི་འོང་བ་སྟེ། སྐྱེ་བ་མི་ལེན་པས་ན་ཕྱིར་མི་འོང་།
Etymology: due to not returning to, i.e. not taking rebirth in, the Desire Realm due to karma and afflictions.
Division by way of faculty: དབང་པོའི་སྒོ་ནས།
- Faithful Abiders in Non-Returner དད་མོས་པའི་ཕྱིར་མི་འོང་།
(see: Dull faculty Faithful Once-Returners) - Abiders in Non-Returner attainers through seeing མཐོང་ཐོབ་པའི་ཕྱིར་མི་འོང་།
(see: Sharp faculty Once-Returner attainers through seeing)
Division by way of actualising the result: འབྲས་བུ་མངོན་དུ་བྱེད་ཚུལ་གྱི་སྒོ་ནས།
- Leaper Abider in Non-Returner འབྲས་བུ་ཐོད་རྒལ་བའི་ཕྱིར་མི་འོང་།
(see: Leaper Once-Returners / Leapers to the result) - Gradualist Abider in Non-Returner འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་།
(see: Gradualist Once-Returners / Gradualists by way of result)
དང་པོ་དང་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་། མཐོང་ལམ་གྱི་སྔ་རོལ་ཏུ་འདོད་ཉོན་དགུ་པ་སྤངས་པའི་ཕྱིར་མི་འོང་།
དེའི་སྔ་རོལ་ཏུ་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་རྣམས་དོན་གཅིག
The first is mutually inclusive with:
- Non-Returner Previously separated from attachment,
- Non-Returner who has abandoned the ninth Desire Realm affliction prior to the path of seeing, and
- Non-Returner who has attained a meditative absorption of an actual concentration prior to [the path of seeing].
ལམ་རྗེས་ཤེས་ནས་སྲིད་ཉོན་དགུ་པའི་དངོས་གཉེན་གྱི་བར་ན་ཡོད།
Boundaries: exist from the subsequent knowledge in relation to paths and up to the direct antidote to ninth Peak of Existence affliction.
གཉིས་པ་དང་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་དུ་སོང་བའི་ཕྱིར་མི་འོང་དོན་གཅིག
The second and a Non-Returner preceded by the realisation of Stream-Enterer are mutually inclusive.
འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ནས། སྲིད་ཉོན་དགུ་པའི་དངོས་གཉེན་གྱི་བར་དུ་ཡོད།
Boundaries: exist from the liberated path that has abandoned the ninth Desire Realm affliction and up to the direct antidote to ninth Peak of Existence affliction.
Division by way of application: སྦྱོར་བའི་སྒོ་ནས་
-
Mere Abiders in Non-Returner ཕྱིར་མི་འོང་འབྲས་གནས་ཙམ་པོ་བ།
(see: Mere Abider in Once-Returner) -
Special Abiders in Non-Returner ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན།
(see: Special Abider in Once-Returner)
Division by way of relying on arya dharma: འཕགས་ཆོས་བསྟེན་ཚུལ་གྱི་སྒོ་ནས།
- Non-Returners completely transformed in the Desire Realm འདོད་པར་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་།
- Non-Returners not completely transformed in the Desire Realm འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་ཕྱིར་མི་འོང་།
Up a level: Persons abiding in the Four Results