Non-Returners proceeding to the Form Realm
འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག །གཟུགས་སུ་ཉིང་མཚམས་སྦྱོར་བའི་རིགས་ཅན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གི་མཚན་ཉིད།
Definition: Someone who is:
- Non-Returner possessing a Desire Realm support and
- In the class of those taking rebirth in the Form Realm.
འདོད་པའི་རྟེན་ཅན་སྨོས་པ་ལ་དགོས་པ་ཡོད་དེ། འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་འཕར་པའི་
རྟོགས་པ་སྔོན་དུ་སོང་བའི་ཚངས་རིས་ཀྱི་རྟེན་ཅན་གྱི་ཕྱིར་མི་འོང་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཡིན་པ་གཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
There is a purpose for saying “possessing a Desire Realm support”; it is in order to exclude Non-Returners possessing a Brahma Class support who are preceded by the realisation of a Skipper Non-Returner who transfers to the Upper Realms, proceeds to the Form Realm, and is definite to actualise Nirvāṇa on an Akaniṣṭha support, from being a Non-Returner proceeding to the Form Realm.
ཕྱིར་མི་འོང་གི་འབྲས་བུ་ཐོབ་རྗེས་སུ་གཟུགས་ཁམས་སུ་སོང་ནས་མྱང་འདས་མངོན་དུ་བྱེད་པས་ན་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་།
Etymology: due to going to the Form Realm after attaining the result of Non-Returner and actualising Nirvāṇa there.
Divisions: Non-Returners proceeding to the Form Realm who: གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་
- Pass beyond in the intermediate-state བར་འདའ་བ།
- Who pass beyond quickly མྱུར་བར་འདའ་བ།
- Who do not pass beyond quickly མྱུར་བ་མ་ཡིན་པར་འདའ་བ།
- Who pass beyond after a long time དུས་ཡུན་རིང་མོ་ཞིག་ནས་འདའ་བ།
- Pass beyond upon birth སྐྱེ་འདའ་བ།
- Who pass beyond just upon rebirth སྐྱེས་ཙམ་ནས་འདའ་བ།
- Who pass beyond with application མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ།
- Who pass beyond without application མངོན་པར་འདུ་བྱེད་མེད་པར་འདའ་བ།
- Transfer to the Upper Realms གོང་འཕོ་བ།
- Ultimately proceed to Akaniṣṭha འོག་མིན་མཐར་ཐུག་འགྲོ།
- Skippers འཕར་བ།
- Half-Skippers ཕྱེད་འཕར་བ།
- Those who pass away to all abodes གནས་ཐམས་ཅད་དུ་འཆི་འཕོ་བ།
- Ultimately proceed to the Peak of Existence སྲིད་རྩེའི་མཐར་ཐུག་འགྲོ།
- Ultimately proceed to Akaniṣṭha འོག་མིན་མཐར་ཐུག་འགྲོ།
Differences:
- Different karma ལས་ཀྱི་ཁྱད་པར།
- If it is those who Pass beyond in the intermediate-state, it is necessarily someone possessing Form Realm accomplishing actions བར་འདའ་བ་ཡིན་ན། གཟུགས་ཀྱི་མངོན་པར་འགྲུབ་པའི་ལས་ཅན་ཡིན་དགོས།
- If it is those who Pass beyond upon birth, it is necessarily someone possessing actions that will be experienced in the birth-state of the Form Realm
སྐྱེ་འདའ་བ་ཡིན་ན། གཟུགས་ཀྱི་སྐྱེ་གནས་མྱོང་འགྱུར་གྱི་ལས་ཅན་ཡིན་དགོས། - If it is those who Transfer to the Upper Realms, it is necessarily someone possessing actions that will be experienced at a time other than that གོང་འཕོ་བ་ཡིན་ན། དེའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་ཡིན་དགོས།
- Different faculties དབང་པོའི་ཁྱད་པར།
- Those who Pass beyond in the intermediate-state are sharp-faculty བར་འདའ་བ་དེ་དབང་པོ་རྣོ།
- Those who Pass beyond upon birth are middling-faculty སྐྱེ་འདའ་བ་དེ་དབང་པོ་འབྲིང་།
- Those who Transfer to the Upper Realms are dull-faculty གོང་འཕོ་བ་དབང་པོ་རྟུལ་བ།
- Different afflictions ཉོན་མོངས་པའི་ཁྱད་པར།
They respectively have small, middling, and great objects of abandonment
དེ་གསུམ་ལ་རིམ་པ་བཞིན་དུ་སྤང་བྱ་ཆུང་འབྲིང་ཆེན་པོ་དང་ལྡན་པ།
Up a level: Non-Returners not completely transformed in the Desire Realm