Main application explicitly indicated in this context

སྐབས་འདིར་དངོས་སུ་བསྟན་པའི་སྟོང་ཉིད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ།
སྐབས་འདིར་དངོས་སུ་བསྟན་པའི་གཙོ་བོ་སྦྱོར་བའི་མཚན་ཉིད།
Definition: A Bodhisattva’s yoga conjoined with the wisdom that is a union of calm abiding and special insight observing emptiness and is explicitly indicated in this context.

Divisions:

  1. Application not abiding in forms and so forth གཟུགས་སོགས་ལ་མི་གནས་པའི་སྦྱོར་བ།
  2. Application that stops the abiding གནས་པ་བཀག་པའི་སྦྱོར་བ།
  3. Application of the profound ཟབ་པའི་སྦྱོར་བ།
  4. Application of the difficult to fathom གཏིང་དཔག་དཀའ་བའི་སྦྱོར་བ།
  5. Application of the immeasurable ཚད་མེད་པའི་སྦྱོར་བ།
  6. Application of attaining a prophesy ལུང་བསྟན་ཐོབ་པའི་སྦྱོར་བ།
  7. Application of irreversibility ཕྱིར་མི་ལྡོག་པ་ཉིད་ཀྱི་སྦྱོར་བ།
  8. Application of definite emergence ངེས་པར་འབྱུང་བའི་སྦྱོར་བ།
  9. Application of the uninterrupted བར་ཆད་མེད་པའི་སྦྱོར་བ།
  10. Application that is close to enlightenment བྱང་ཆུབ་ལ་ཉེ་བའི་སྦྱོར་བ།
  11. Application of quick enlightenment མྱུར་བར་འཚང་རྒྱ་བའི་སྦྱོར་བ།
  12. Application of others’ welfare གཞན་དོན་གྱི་སྦྱོར་བ།
  13. Application realising ultimately there is no increase or decrease
    དོན་དམ་པར་འཕེལ་མེད་འགྲིབ་མེད་དུ་རྟོགས་པའི་སྦྱོར་བ།
  14. Application ultimately not perceiving dharma, non-dharma, and so forth
    དོན་དམ་པར་ཆོས་དང་ཆོས་མིན་སོགས་མི་མཐོང་བའི་སྦྱོར་བ།
  15. Application not perceiving the inconceivability of forms and so forth
    གཟུགས་སོགས་བསམ་མི་ཁྱབ་མི་མཐོང་བའི་སྦྱོར་བ།
  16. Application not conceiving forms and so forth as truly existent in terms of their signs and the entity of their definienda གཟུགས་སོགས་དེའི་མཚན་མ་དང་དེའི་མཚོན་བྱའི་ངོ་བོར་བདེན་པར་རྣམ་པར་མི་རྟོག་པའི་སྦྱོར་བ།
  17. Application that bestows the precious result འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་སྦྱོར་བ།
  18. Application of purity རྣམ་པར་དག་པའི་སྦྱོར་བ།
  19. Application of boundaries ས་མཚམས་ཀྱི་སྦྱོར་བ།

ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོ ད་ནས་རྒྱུན་མཐའི་བར་ན་ཡོད།
Boundaries: exists from the heat level of the Mahayana path of preparation and up to the end of the continuum.


Up a level: 70 Topics