Branches of the third concentration


བསམ་གཏན་གསུམ་པའི་ཡན་ལག་ཏུ་གྱུར་པའི་དྲན་པ་ནི།
བསམ་གཏན་གཉིས་པའི་དགའ་བའི་ཀུན་དཀྲིས་ལྡོག་པའི་དམིགས་རྣམ་མི་བརྗེད་པར་འཛིན་པའི་བསམ་གཏན་གསུམ་པའི་སས་བསྡུས་ཀྱི་ཡིད་བྱེད་ཅིག་ལ་འཇོག
Mindfulness that is a branch of the third concentration: An attention included within the level of the third concentration that apprehends without forgetting the objects and aspects that overcome the fetter of joy of the second concentration.

དེའི་ཡན་ལག་ཏུ་གྱུར་པའི་ཤེས་བཞིན་ནི། བྱིང་རྒོད་འབྱུང་མི་འབྱུང་རྟོག་པའི་བསམ་གཏན་གསུམ་པའི་སས་བསྡུས་ཀྱི་ཡིད་བྱེད་ཅིག་ལ་བྱེད།
Introspection that is a branch of the third concentration: An attention included within the level of the third concentration that investigates whether or not laxity and excitement have arisen.

དེའི་ཡན་ལག་ཏུ་གྱུར་པའི་བཏང་སྙོམས་ནི། རྟོག་དཔྱོད་དང་དགའ་བའི་ཉོན་མོངས་པའི་ཀུན་དཀྲིས་དང་བྲལ་བའི་སྒོ་ནས་མི་མཉམ་པ་མེད་པར་སེམས་རང་གི་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པའི་བསམ་གཏན་གསུམ་པའི་སས་བསྡུས་ཀྱི་འདུ་བྱེད་བཏང་སྙོམས་པ་ཞིག་ལ་བྱེད།
Equanimity that is a branch of the third concentration: A compounded equanimity included within the level of the third concentration that single-pointedly sets the mind on the object without unevenness, by way of being free from the afflicted fetters of investigation, analysis, and joy.

དེའི་ཡན་ལག་ཏུ་གྱུར་པའི་བདེ་བ་ནི།
དགའ་བའི་ཉོན་མོངས་པའི་ཀུན་དཀྲིས་དང་བྲལ་བའི་བསམ་གཏན་གསུམ་པའི་སས་བསྡུས་ཀྱི་སེམས་ཚོར་བདེ་བའི་དབང་པོ་ཞིག་ལ་འཇོག
Bliss that is a branch of the third concentration: A faculty of mental pleasant feeling included within the level of the third concentration that is free from the afflicted fetter of joy.

ཏིང་ངེ་འཛིན་སྔར་བཞིན།
Concentration is as before.


Up a level: Actual meditative absorptions of the concentrations / Branches of the concentrations