Limitless consciousness

དམིགས་པའི་སྒོ་ནས་ནམ་མཁའ་མཐའ་ཡས་ལ་འདོད་ཆགས་དང་བྲལ་བའི་རྣམ་ཤེས་མཐའ་ཡས་ཀྱི་སས་བསྡུས་པའི་དགེ་བའི་རིག་པ།
རྣམ་ཤེས་མཐའ་ཡས་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད།
Definition: A virtuous knower included within the level of Limitless Consciousness and that is separated from attachment to Limitless Space by way of object of observation.

རྣམ་ཤེས་མཐའ་ཡས་ཀྱི་དངོས་གཞིའི་སྙོམས་འཇུག་གི་སྦྱོར་བའི་ཚེ་ནམ་མཁའི་འདུ་ཤེས་ལ་རགས་པར་མཐོང་ནས་དེ་ཉིད་བཟློག་པའི་ཕྱིར།
རྣམ་པར་ཤེས་པའི་ཡུལ་ཅན་གྱི་རྣམ་ཤེས་ཙམ་དམིགས་ཡུལ་དུ་བྱས་ནས་སྒོམ་པས།
དེ་མངོན་དུ་གྱུར་པའི་དངོས་གཞི་ཐོབ་པ་ན་རྣམ་ཤེས་དེ་ཉིད་དང་དེ་ལས་གཞན་པའི་རང་སས་བསྡུས་པའི་མིང་བཞིའི་ཕུང་པོ་ལ་དམིགས་པར་བྱེད།
At the time of preparation for the actual meditative absorption of Limitless Consciousness, then perceiving the discrimination of Space as coarse and in order to eliminate that, one cultivates taking just consciousness (the object-possessor) as an object of observation. Thereby, upon attaining the actual meditative absorption manifested by that, it observes that very consciousness as well as the four name aggregates of its level which are other than that.


Up a level: Actual meditative absorptions of the Formless Realm