Nine mental abidings
ནང་ཉིད་དུ་འཇོག་པ་ནི། དང་པོར་ལྷ་སྐུ་ལ་སོགས་པ་དམིགས་པ་གང་ཡང་རུང་བ་ལ་སེམས་གཏད་ནས་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་ཅིག་ལ་འཇོག
1. Setting internally: Initially setting in a concentration that cultivates focusing the mind upon a suitable object, such as a deity-body and so forth.
རྒྱུན་དུ་འཇོག་པ་ནི། དམིགས་པ་དེ་ཉིད་འཕྲོ་མཐུད་དེ་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་ཅིག་ལ་འཇོག
2. Continuous setting: Setting in a concentration that cultivates prolonging [observation] of that object.
བསླན་ཏེ་འཇོག་པ་ནི། སེམས་སྔར་གྱི་དམིགས་པ་ལས་གཡེང་བའི་ཚེ་སླར་ཡང་སེམས་སྔར་གྱི་དམིགས་པ་ལ་གཏད་དེ་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་ཅིག་ལ་འཇོག
3. Resetting: Setting in a concentration that cultivates focusing the mind on the object again when the mind is distracted from the object.
ཉེ་བར་འཇོག་པ་ནི། དམིགས་པ་གོང་འཕེལ་དུ་བཏང་སྟེ་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་ཅིག་ལ་འཇོག
4. Close setting: Setting in a concentration that cultivates improving [observation] of that object.
དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་སྒོམ་པའི་ཚེ། བྱིང་བ་བྱུང་བ་ན་ཏིང་ངེ་འཛིན་གྱི་ཡོན་ཏན་བསམ་པའ་ིསྒོ་ནས་ཏིང་ངེ་འཛིན་སྒོམ་པ་ལ་སྤྲོ་བ་བསྐྱེད་དེ།
སེམས་དམིགས་པ་ལ་འཛིན་པར་བྱེད་པའི་ཏིང་ངེ་འཛིན་ཅིག་ལ་འཇོག
5. Disciplining: Setting in a concentration that holds the mind to the object through generating joy in cultivating concentration by way of thinking about the qualities of concentration when laxity arises during cultivation of concentration.
ཞི་བར་བྱེད་པ་ནི། ཏིང་ངེ་འཛིན་སྒོམ་པའི་ཚེ། རྒོད་པ་བྱུང་བ་ན་རྣམ་གཡེང་གི་ཉེས་དམིགས་བསམ་པའི་སྒོ་ནས་ཏིང་ངེ་འཛིན་སྒོམ་པ་ལ་མི་དགའ་བ་ཞི་བར་བྱས་ཏེ།
སེམས་དམིགས་པ་ལ་འཛིན་པར་བྱེད་པའི་ཏིང་ངེ་འཛིན་ཅིག་ལ་འཇོག
6. Pacifying: Setting in a concentration that holds the mind to the object through pacifying dislike for cultivating concentration by way of thinking about the faults of distraction when excitement arises during cultivation of concentration.
རྣམ་པར་ཞི་བར་བྱེད་པ་ནི། ཏིང་ངེ་འཛིན་སྒོམ་པའི་ཚེ་ཆགས་སེམས་དང་ཡིད་མི་བདེ་བྱུང་ན་དེ་མ་ཐག་ཞི་བར་བྱས་ཏེ་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་ཅིག་ལ་འཇོག
7. Completely pacifying: Setting in a concentration that cultivates immediately pacifying attachment and mental unhappiness that arise during cultivation of concentration.
རྩེ་གཅིག་ཏུ་འཇོག་པ་ནི། འབད་རྩོལ་དང་བཅས་པའི་སྒོ་ནས་སེམས་རང་གི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་འཇོག་པའི་ཏིང་ངེ་འཛིན་ཅིག་ལ་འཇོག
8. Single-pointed setting: Setting in a concentration that sets the mind upon its object in accordance with one's wishes by way of possessing effort.
མཉམ་པར་འཇོག་པ་ནི། འབད་མེད་ལྷུན་གྲུབ་ཏུ་སེམས་རང་གི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཅིག་ལ་བྱེད།
9. Even setting: Setting in a concentration that evenly sets the mind upon its object in accordance with one's wishes effortlessly and spontaneously.
དེ་ལྟ་བུའི་སེམས་གནས་དགུ་པ་དེ་ལ་འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཞེས་བྱ།
This ninth mental abiding is called the single-pointed concentration of the desire realm.
འབད་མེད་ལྷུན་གྲུབ་ཏུ་སེམས་རང་གི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་མཉམ་པར་བཞག་བཞིན་པའི་ངང་ནས་ཤིན་སྦྱངས་ཀྱིས་ཟིན་པའི་བདེ་བ་ཐོབ་པ་ན།
When bliss conjoined with pliancy is attained from within setting the mind in equipoise upon its object in accordance with one's wishes effortlessly and spontaneously, then that is called:
- Attaining calm abiding ཞི་གནས་ཐོབ་པ་དང་།
- Attaining a preparation for the first concentration བསམ་གཏན་དང་པོའི་ཉེར་བསྡོགས་ཐོབ་པ།
- Attaining an awareness arisen from meditation སྒོམ་བྱུང་གི་བློ་ཐོབ་པ།
- Attaining a consciousness of an upper level གོང་སའི་ཤེས་པ་ཐོབ་པ་ཞེས་བྱ།
Up a level: calm abiding