Peak of Existence

དམིགས་པའི་སྒོ་ནས་ཅི་ཡང་མེད་ལ་འདོད་ཆགས་དང་བྲལ་བའི་སྲིད་རྩེའི་སས་བསྡུས་པའི་དགེ་བའི་རིག་པ།
སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད།
Definition: A virtuous knower included within the level of the Peak of Existence and that is separated from attachment to Nothingness by way of object of observation.

སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་གི་སྦྱོར་བའི་ཚེ་ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་ལ་རགས་པར་མཐོང་ནས་དེ་བཟློག་པའི་ཕྱིར།
འདུ་ཤེས་རགས་པ་ནི་ཡོད་པ་མ་ཡིན་འདུ་ཤེས་ཕྲ་བ་ནི་མེད་པ་མ་ཡིན་ནོ་སྙམ་དུ་འདུ་ཤེས་པ་ལ་དམིགས་པར་བྱེད་ཅིང་། དེ་མངོན་དུ་གྱུར་པའི་དངོས་གཞིའི་སྙོམས་འཇུག་ཐོབ་པའི་ཚེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་འདུ་ཤེས་དེ་ཉིད་དང་དེ་ལས་གཞན་པའི་རང་སས་བསྡུས་པའི་མིང་བཞིའི་ཕུང་པོ་ལ་དམིགས་པར་བྱེད།
At the time of preparation for the actual meditative absorption of the Peak of Existence, then perceiving the discrimination of Nothingness as coarse and in order to eliminate that, one observes the discrimination thinking "Coarse discrimination is not existent; subtle discrimination is not non-existent." Thereby, upon attaining the actual meditative absorption manifested by that, it observes that very discrimination of without discrimination and not without discrimination as well as the four name aggregates of its level which are other than that.


Up a level: Actual meditative absorptions of the Formless Realm