Applying this to categories other than form

དེ་ལྟར་གཟུགས་ཕུང་ལ་ཇི་ལྟར་སྦྱར་བ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱོར།
As such, just as it was applied to the form aggregate, connect it also to the remaining aggregates.


We posit:

དེས་མཚོན་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་སྟེང་དུ་མཚན་ཉིད་གསུམ་གྱི་རྣམ་གཞག་འཐད་ལྡན་རེ་འཇོག་ལ།
With that as an illustration, the correct presentation of the three natures can be posited on the basis of all phenomena up to omniscience.


ནམ་མཁའ་ལ་ནི་ནམ་མཁའི་གདགས་གཞིར་གྱུར་པའི་དངོས་པོ་དེ་དེའི་གཞན་དབང་ཡིན་ཏེ།
དེ་ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡིན་པའི་ཕྱིར།
Regarding space, the functioning thing that is the basis of designation of space is its other-powered nature because that is the dharmin, i.e. the basis of emptiness, for the emptiness that is space not being established by way of its own-character as the basis for the conception apprehending it.

ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའི་གཞན་དབང་ཡིན་ཏེ། དེ་ནམ་མཁའ་འཛིན་པའི་ཚད་མ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་
ནམ་མཁའ་འཛིན་པའི་ཚད་མ་དང་ནམ་མཁའ་གཉིས་ཀའི་སྟོང་ཉིད་ཡིན་པས་དེའི་རྟེན་ཆོས་ཅན་དུ་འཇོག་པའི་ཕྱིར།
The valid cogniser apprehending space is the other-powered nature of space because the valid cogniser apprehending space not being established by way of its own-character as the basis for the conception apprehending it is the emptiness of both the valid cogniser apprehending space and space. Therefore, it is posited as its supporting dharmin.

ནམ་མཁའ་སོགས་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་སྟེང་དུ་རང་གི་གདགས་གཞིར་གྱུར་པའི་དངོས་པོ་རེ་ཁས་ལེན་དགོས་ཏེ།
དེ་རྣམས་ཀྱི་སྟེང་དུ་རང་གི་དོན་བྱ་བ་བྱེད་པའི་ནུས་པ་ཡོད་མེད་དཔྱོད་པའི་རྟེན་མཐར་ཐུག་ཏུ་གྱུར་པའི་དངོས་པོ་རང་མཚན་པ་རེ་ཡོད་པའི་ཕྱིར་ཏེ།
It is necessary to assert a functioning thing that is its basis of designation on the basis of every uncompounded phenomenon, such as space and so forth, because there exists a specifically characterised functioning thing that is the final support for analysing whether it has the ability to perform its function or not, on the basis of those.

རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་གཉིས་སུ་དཔྱོད་རྣམས་ཀྱི། །དོན་བྱ་དེ་ལས་གྲུབ་པའི་ཕྱིར། །ཞེས་གསུངས་པའི་ཕྱིར།
This is because [Dharmakīrti’s] Pramanavartika says:
A specifically characterised phenomenon: analysed
As to whether or not the cognised-object exists;
Its performance of a function is from that. Therefore,

འོ་ན། འདུས་མ་བྱས་ཀྱི་ནམ་མཁའི་གདགས་གཞིར་གྱུར་པའི་དངོས་པོ་དེ་གང་ཞེ་ན།
Well then, what is the functioning thing that is the basis of designation of uncompounded space?

དེ་ཡོད་མེད་དཔྱོད་པའི་རྟེན་མཐར་ཐུག་ཏུ་གྱུར་པའི་བར་གྱི་སྣང་བ་སྐྱ་སེངས་པ་དེ་ནམ་མཁའི་གདགས་གཞིར་གྱུར་པའི་དངོས་པོ་ཡིན་ཏེ།
The whitish intermediate space that is the final support for analysing whether that exists or not is the functioning thing that is the basis of designation of space.

བར་གྱི་སྣང་བ་སྐྱ་སེངས་པ་དེ་ལ་ཐོགས་པའི་རེག་བྱ་ཡོད་མེད་དཔྱད་ནས་ཐོགས་པའི་རེག་བྱས་སྟོང་པར་ངེས་པ་ན་
འདུས་མ་བྱས་ཀྱི་ནམ་མཁའི་མཚན་གཞིར་ལེགས་པར་གྲུབ་པར་འཇོག་པའི་ཕྱིར།
This is because when the whitish intermediate space is analysed as to whether or not there is obstructive contact there and is ascertained to be empty of obstructive contact, then that is posited as correctly establishing the illustration of uncompounded space.


Up a level: The Chapter of Paramārthasamudgata’s question and answer