Explanation of second established meaning

འཁོར་ལོ་བར་པ་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡོད་དེ། ཀུན་བརྟགས་ཀྱིས་བསྡུས་པའི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅིང་།
གཞན་དབང་དང་ཡོངས་གྲུབ་ཀྱིས་བསྡུས་པའི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར།
The subject – the Middle Wheel – its subject-matter exists because its subject-matter is that phenomena included in imputational natures are not established by way of their own-character and that phenomena included in other-powered natures and thoroughly-established natures are established by way of their own-character.

ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡོད་དེ། མདོ་སྡེ་གཞན་གྱིས་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་པ་བཀྲལ་བ་ལ་མ་ལྟོས་པར་དེའི་དགོངས་པ་རྫོགས་པར་
རྟོགས་ནུས་པའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་དེ་དེ་ཡིན་པའི་ཕྱིར།
Its intended disciples exist because they are sharp faculty Mahāyāna lineage-bearers, disciples capable of realising its complete intention without relying on other sutras’ explanation of the intention behind the Dharma Wheel of the Absence of Characteristics.

འཁོར་ལོ་བར་པ་འདིར་ངོ་བོ་ཉིད་ཡོད་མེད་ཀྱི་དོན་སྒྲས་ཟིན་ལ་མ་བསྟན་ཏེ། འདིར་སྒྲས་ཟིན་ལ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་སྙམ་དུ་བསྟན་པའི་ཕྱིར།
དེས་ན་དེ་འདྲའི་རྣམ་གཞག་ཤུགས་ལ་བསྟན་པ་ཡིན།
In the context of the Middle Wheel, the meaning of whether [the three natures] possess a nature or not is not indicated literally because the literal reading here indicates that all phenomena are not established by way of their own-character. Therefore, such a presentation is indicated implicitly.

བླ་ན་མཆིས་པ་ཞེས་སོགས་ཀྱི་དོན་སྔར་བཞིན་ནོ།
The meaning of “surpassing” and so forth is as before.


Up a level: Summarising the meaning established by those