Explanation of third established meaning
འཁོར་ལོ་ཐ་མ་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡོད་དེ།
ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅིང་གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཁྱད་པར་གསལ་བར་ཕྱེ་ནས་བསྟན་ཅིང་།
རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱིས་བསྡུས་པའི་སྟོང་པ་ཉིད་རྒྱས་པར་གཏན་ལ་འབེབས་པའི་ཕྱིར།
The subject – the Final Wheel – its subject matter exists because it indicates with a clear differentiation the difference between imputational natures not being established by way of their own-character and other-powered natures and thoroughly-established natures being established by way of their own-character. It also extensively settles the emptiness included within unchanging thoroughly-established natures that are the objects of observation of non-conceptual exalted wisdom.
དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
དེ་ལ་ཐེག་པ་ཆེ་ཆུང་གི་རིགས་ཅན་གཉིས་ཀ་ཡོད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།
There is a reason for calling its intended disciples “those engaged in all vehicles” because there are both Mahāyāna and Hīnayāna lineage-bearers.
འཁོར་ལོ་ཐ་མ་ཆོས་ཅན། ཁྱོད་ལ་ལེགས་པར་རྣམ་པར་ཕྱེ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅིང་
གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཁྱད་པར་གསལ་བར་ཕྱེ་ནས་བསྟན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།
The subject – the Final Wheel – there is a reason for referring to it as “Correct Differentiation” because it indicates with a clear differentiation the difference between imputational natures not being established by way of their own-character and other-powered natures and thoroughly-established natures being established by way of their own-character.
བླ་ན་མ་མཆིས་ཞེས་སོགས་ཀྱི་དོན་སླའོ།
The meaning of “unsurpassed” and so forth is easy.
Up a level: Summarising the meaning established by those