Explanation of ultimate-non-nature (other-powered natures)
ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་
དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ།
What is the ultimate-non-nature of phenomena?
Any phenomenon that is dependently-arisen, i.e. those lacking nature by way of production-non-nature, are also lacking nature by way of ultimate-non-nature.
དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ལས་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ།
གཞན་གྱི་དབང་གི་མཚན་ཉིད་དེ་རྣམ་པར་དག་པའི་དམིགས་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ།
Why?
Paramārthasamudgata, any phenomenon that is a completely pure object of observation is indicated as an ultimate. Since other-powered natures are not completely pure objects of observation, they are called ultimate-non-natures (without ultimate-nature).
མདོ་སྡེ་དགོངས་འགྲེལ་གྱི་དངོས་བསྟན་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཡོངས་གྲུབ་གཏན་ལ་འབེབས་པའི་ཚེ་
དེ་དག་གི་གཞན་དབང་ཁོ་ན་སྟོང་གཞིར་བཟུང་ནས་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་གཏན་ལ་ཕབ་པས།
Regarding what is explicitly indicated in the Sutra Unravelling the Thought, when settling the thoroughly-established natures of compounded and uncompounded phenomena, the thoroughly-established nature that is the selflessness of phenomena is settled by taking only their other-powered natures as the basis of emptiness.
ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་སྒྲིབ་རྣམ་པར་དག་བྱེད་ཀྱི་རྣམ་དག་ཡེ་ཤེས་ཀྱིས་སྟོང་གཞི་གཞན་དབང་ལ་དམིགས་དགོས་པས།
གཞན་དབང་རྣམ་དག་གི་དམིགས་པར་གྱུར་པའི་དོན་དམ་པ་ཡིན་ནམ་སྙམ་པའི་དྭོགས་པ་ཤས་ཆེ་བས་དེ་ལྟར་དུ་གསུངས་པའི་ཕྱིར།
Therefore, since the completely pure exalted wisdom that purifies the knowledge obscurations and directly realises the selflessness of phenomena must observe the bases of emptiness, i.e. other-powered natures, the doubt thinking “Are other-powered natures ultimates that are objects of observation of the completely pure?” is greater. For this reason it is said as such.
སྤྱིར་ཀུན་བརྟགས་ལ་དེ་འདྲའི་དྭོགས་པ་སྐྱེ་མི་སྲིད་པ་མ་ཡིན་ཏེ། ཀུན་བརྟགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པའི་
ཤེས་སྒྲིབ་རྣམ་པར་དག་བྱེད་ཀྱི་ཡེ་ཤེས་ཀྱིས་ཀུན་བརྟགས་ལ་དམིགས་པའི་ཕྱིར།
In general, it is not impossible for such a doubt to arise with respect to imputational natures because the exalted wisdom that purifies the knowledge obscurations and realises imputational natures are not established by way of their own-character as the basis for the conception apprehending them, observes imputational natures.
Up a level: The Response eliminating those contradictions / The Chapter of Paramārthasamudgata’s question and answer