Explanation of ultimate-non-nature (thoroughly-established natures)
གཞན་ཡང་། ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །
Moreover, whatever is the thoroughly-established nature of phenomena is also called “ultimate-non-nature”.
དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི། དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ།
དེ་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ།
Why?
Paramārthasamudgata, whatever is phenomena’s selflessness of phenomena is called their non-nature. This is because they are ultimates and ultimates are thoroughly distinguished by the non-nature of all phenomena. Therefore, it is called “ultimate-non-nature” (without ultimate-nature).
གཟུགས་ཀྱི་ཡོངས་གྲུབ་ཆོས་ཅན། ཁྱོད་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
ཁྱོད་དོན་དམ་པ་ཡིན་ལ་ཆོས་བདག་གི་ངོ་བོར་མེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།
The subject – the thoroughly-established nature of form – there is a reason for calling it “ultimate-non-nature” because it is an ultimate and does not exist in the nature of a self of phenomena.
དེས་ན་གང་ཟག་གི་བདག་མེད་ཡོངས་གྲུབ་དང་དེ་བཞིན་ཉིད། དོན་དམ་པར་ཁས་ལེན་རིགས།
Therefore, it is suitable to assert the selflessness of persons as a thoroughly-established nature, a suchness and an ultimate.
Up a level: The Response eliminating those contradictions / The Chapter of Paramārthasamudgata’s question and answer