How the Three Wheels settle selflessness

འཁོར་ལོ་གསུམ་པོ་དེས་བདག་མེད་གཏན་ལ་འབེབས་པའི་ཚུལ་ཡང་ཡོད་དེ།
There is a way in which the Three Wheels settle selflessness because:

  1. The First Wheel mainly settles the presentation of the three natures in terms of the selflessness of persons to its intended disciples;
    འཁོར་ལོ་དང་པོས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་གཙོ་བོར་གཏན་ལ་འབེབས།
  2. The Middle Wheel mainly settles the presentation of the three natures in terms of the selflessness of phenomena to its intended disciples. འཁོར་ལོ་བར་པས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་གཙོ་བོར་གཏན་ལ་འབེབས་པའི་ཕྱིར།
  3. The Final Wheel: འཁོར་ལོ་ཐ་མས་
    • Mainly settles the presentation of the three natures in terms of the selflessness of persons as the intended-meaning of the First Wheel to its Hīnayāna lineage-bearer intended disciples; and
      རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་འཁོར་ལོ་དང་པོའི་དགོངས་དོན་དུ་གཙོ་བོར་གཏན་ལ་འབེབས།
    • Mainly settles the presentation of the three natures in terms of the selflessness of phenomena as the intended-meaning of the Second Wheel to its Mahāyāna lineage-bearer intended disciples.
      དེས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་འཁོར་ལོ་བར་པའི་དགོངས་དོན་དུ་གཙོ་བོར་གཏན་ལ་འབེབས་བའི་ཕྱིར།

Up a level: Summarising the meaning established by those