Indicating their examples

དེ་ལ་འདི་ལྟ་སྟེ་དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ།
It is like this: For example, the character-non-natures should be viewed exactly as one views sky-flowers.

དོན་དམ་ཡང་དག་འཕགས། དེ་ལ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ།
Paramārthasamudgata, it is like this: The production-non-natures should be viewed exactly as one views magical creations.

དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ལས་ཀྱང་གཅིག་ཀྱང་བལྟ་བར་བྱའོ།
From between the [two] ultimate-non-natures, one should also be viewed [as follows].

དོན་དམ་ཡང་དག་འཕགས། དེ་ལ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ནི་
དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་གཅིག་བལྟ་བར་བྱ་སྟེ།
Paramārthasamudgata, it is like this: Just as, for example, space is distinguished by the mere lack of the entity of form and pervades everywhere, from among the [two] ultimate-non-natures, the one distinguished as the selflessness of phenomena and as pervading everything should also be viewed exactly as such.


ཀུན་བརྟགས་ནམ་མཁའི་མེ་ཏོག་གི་དཔེས་སྟོན་པའི་རྒྱུ་མཚན་ཡོད་དེ། དཔེར་ན་ནམ་མཁའི་མེ་ཏོག་དེ་རང་འཛིན་རྟོག་པས་སྒྲོ་བཏགས་པ་བཞིན་དུ།
ཀུན་བརྟགས་དེ་ཡང་རྟོག་པས་བཏགས་ཙམ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར།
There is a reason for indicating imputational natures with the example of sky-flowers: Just as sky-flowers are superimposed by the conception apprehending it, imputational natures are also merely designated by conceptuality and are not established by way of their own-character.

གཞན་དབང་སྒྱུ་མའི་དཔེས་སྟོན་པའི་རྒྱུ་མཚན་ཡོད་དེ། སྒྱུ་མ་མཁན་གྱིས་རྡེའུ་ཤིང་རྟ་གླང་དུ་སྤྲུལ་པའི་ཚེ་རྡེའུ་ཤིང་རྟ་གླང་དུ་སྣང་བའི་ཤེས་པ་དེ་
སྒྱུ་མའི་སྔགས་རྫས་ཀྱིས་མིག་བསླད་པ་དེ་བཞིན་དུ། དོན་སྣང་གི་ཤེས་པ་དེ་ཡང་མ་རིག་བག་ཆགས་ཀྱིས་བསླད་པའི་འཁྲུལ་ཤེས་ཡིན་པའི་ཕྱིར།
There is a reason for indicating other-powered natures with the example of a magical illusion: Just as when a magician emanates horses and elephants from sticks and stones, the eye consciousness to which the sticks and stones appear as horses and elephants is affected by magical mantra and substances, similarly, consciousnesses to which objects appear are mistaken consciousnesses affected by the imprints of ignorance.

ཡོངས་གྲུབ་ནམ་མཁའི་དཔེས་སྟོན་པའི་རྒྱུ་མཚན་ཡོད་དེ། ནམ་མཁའ་དེ་ཐོགས་རེག་བཀག་ཙམ་གྱི་མེད་དགག་དང་། ཕྱོགས་ཐམས་ཅད་ལ་ཁྱབ་པ་བཞིན་དུ།
ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་དེ་ཡང་ཆོས་བདག་བཀག་ཙམ་གྱི་མེད་དགག་དང་ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར།
There is a reason for indicating thoroughly-established natures with the example of space: Just as space is a non-implicative negation that is the mere negation of obstructive contact and pervades all directions, the thoroughly-established nature that is the selflessness of phenomena is a non-implicative negation that is a mere negation of the self of phenomena and pervades all phenomena.


Up a level: The Chapter of Paramārthasamudgata’s question and answer