Interpretative and Definitive meaning (Cittamatra)

སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་བའི་མདོ་ངེས་དོན་གྱི་མདོའི་མཚན་ཉིད།
The definition of a definitive meaning sutra is: A sutra that is suitable to be asserted literally.

སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བའི་མདོ། དྲང་དོན་གྱི་མདོའི་མཚན་ཉིད།
The definition of an interpretative meaning sutra is: A sutra that is not suitable to be asserted literally.

འཁོར་ལོ་དང་པོ་ལ་དྲང་དོན་གྱི་མདོས་ཁྱབ།
The First Wheel is pervaded by being interpretative meaning sutras.

ཐ་མ་ལ་ངེས་དོན་གྱི་མདོས་ཁྱབ་པ་ཁས་ལེན་ཏེ། དགོངས་འགྲེལ་ལས་འཁོར་ལོ་གསུམ་གྱི་དྲང་ངེས་འདི་ལྟར་ཕྱེ་བ་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར།
They assert that the Final Wheel is pervaded by being definitive meaning sutras because the differentiation into interpretative and definitive meaning of the Three Wheels in the Sutra Unravelling the Thought is literal.


Therefore: དེས་ན་

Similarly: དེ་བཞིན་དུ་

Similarly: དེ་བཞིན་དུ་


སྐབས་འདིར་འཁོར་ལོ་དང་པོ་གཉིས་དྲང་དོན་གྱི་མདོར་མཚུངས་ཀྱང་དྲང་དོན་དུ་འགྲེལ་ཚུལ་མི་མཚུངས་ཏེ།
In this context, although the first two Wheels are similar in being interpretative meaning sutras, the way in which they are explained as being of interpretative meaning is dissimilar.

ཕྱི་དོན་ཡོད་པར་སྟོན་པའི་མདོའི་བསྟན་དོན་ཕྱི་དོན་ཡོད་པ་དང་། ཕུང་སོགས་ཆོས་ཁམས་དང་ཆོས་ཀྱི་སྐྱེ་མཆེད་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་པོའི་སྒྲས་ཟིན་གྱི་དོན་དེ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་འཁོར་ལོ་དང་པོའི་བསྟན་དོན་གྱི་གཙོ་བོར་བསྟན་པའི་སྒོ་ནས་དེ་དག་དྲང་དོན་དུ་འགྲེལ་ཞིང་།
This is because the indicated-meaning of sutras indicating the existence of external objects, i.e. the existence of external objects, and the literal reading of the First Wheel indicating the aggregates and so forth, dharmadhātu and dharmāyatana, and so forth as being established by way of their own-character are explained as of interpretative meaning by way of indicating that the main indicated-meaning of the First Turning is establishment by way of their own-character.

འཁོར་ལོ་བར་པའི་སྒྲས་ཟིན་གྱི་དོན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བདེན་པར་མེད་པ་དེ་འཁོར་ལོ་བར་པའི་བསྟན་དོན་གྱི་གཙོ་བོ་མ་ཡིན་པར་
ངོ་བོ་ཉིད་མེད་པ་གསུམ་པོ་དེ་དེའི་བསྟན་དོན་གྱི་གཙོ་བོར་བསྟན་པའི་སྒོ་ནས་འཁོར་ལོ་བར་པ་དྲང་དོན་དུ་འགྲེལ་བའི་ཕྱིར།
Whereas the Middle Wheel is explained as of interpretative meaning by way of indicating that its literal reading – the lack of true existence of all phenomena, from forms and up to omniscience – is not the main indicated-meaning of the Middle Wheel, but rather that the three non-natures is its main indicated-meaning of that.

Therefore: དེས་ན་


Up a level: IntDef