Subject-matter of the Three Turnings
དང་པོར་ཝཱ་ར་ཎཱ་སཱིར་བརྗོད་བྱ་གང་ཟག་གི་བདག་མེད་གསུངས་ཤིང་ཕུང་པོ་ལ་སོགས་པ་ཁམས་དང་སྐྱེ་མཆེད་དང་བདེན་པ་དང་རྟེན་འབྲེལ་ནས་ལམ་གྱི་ཡན་ལག་གི་བར་གྱི་ཆོས་རྣམས་ཀྱི་ནང་ནས་ཆོས་ཁམས་ཆོས་ཀྱི་སྐྱེ་མཆེད་འདུས་མ་བྱས་ཀྱི་ནམ་མཁའ་ལ་སོགས་པ་ཉུང་ཤས་ཤིག་བདེན་མེད་དུ་བསྟན་པ་མ་གཏོགས་ཕུང་སོགས་འདུས་བྱས་རྣམས་ལ་བདེན་པར་གྲུབ་པ་མ་བཀག་ཅིང་བདེན་པར་ཡོད་པ་མང་དུ་གསུངས་པའི་སྐོར་གཅིག་བྱུང་བ་དེ་འཁོར་ལོ་དང་པོའི་མཚན་གཞི་ཡིན་ལ།
Initially, in Vārāṇasī, [the Buddha] taught the following subject-matter:
- The selflessness of persons, and
- Among the phenomena from forms and so forth, the constituents, the sources, the truths, dependent-arising, and up to the branches of the path:
- Apart from indicating the lack of true existence of a few, such as dharmadhātu, dharmāyatana, uncompounded space, and so forth,
- With respect to compounded phenomena, such as the aggregates and so forth, he did not refute their true establishment but stated that many truly exist.
This is the illustration of the First Wheel.
དེ་ནས་བྱ་རྒོད་ཕུང་པོའི་རི་སོགས་སུ་བདེན་པར་གྲུབ་མ་གྲུབ་ཀྱི་རྣམ་དབྱེ་དངོས་སུ་མ་མཛད་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བདེན་པར་གྲུབ་པ་བཀག་ཅིང་བདེན་མེད་དུ་བསྟན་པའི་སྐོར་གཅིག་བྱུང་བ་དེ་འཁོར་ལོ་བར་པའི་མཚན་གཞི་ཡིན་ལ།
Then, in Vulture’s Peak and so forth, there was one Turning that refuted the true establishment of all phenomena, from forms and up to omniscience, and indicated their lack of true existence without making explicit classifications of what is truly established and what is not.
This is the illustration of the Middle Wheel.
དེ་ནས་ཡངས་པ་ཅན་སོགས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་དེ་རྣམས་ལ་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱི་དབྱེ་བ་མཛད་ནས།
ཀུན་བརྟགས་བདེན་པར་མ་གྲུབ་ཅིང་གཞན་དབང་དང་ཡོངས་གྲུབ་གཉིས་བདེན་པར་གྲུབ་པའི་ཚུལ་སོ་སོར་ཕྱེ་ནས་སྟོན་པའི་སྐོར་གཅིག་གསུངས་པ་དེ་འཁོར་ལོ་ཐ་མའི་མཚན་གཞི་ཡིན་ནོ།
Then, in Vaiśālī and so forth, he divided those phenomena, from forms and up to omniscience, into imputational natures, other-powered natures, and thoroughly-established natures, and individually differentiated the way in which imputational natures are not truly established, whereas other-powered natures and thoroughly-established natures are truly established.
This is the illustration of the Final Wheel.
Up a level: IntDef