The intention wrt imputational natures
དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་
རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ།
Intending character-non-natures, I taught that all phenomena are unproduced, unceased, pacified from the start, and naturally completely passed beyond sorrow.
དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན་ལ།
མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན། མ་སྐྱེས་པ་དང་མ་འགགས་པ་གང་ཡིན་པ་དེ་དག་ནི་གཟོད་མ་ནས་ཞི་བ་ཡིན།
གཟོད་མ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན།
རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཅུང་ཟད་ཀྱང་མེད་དེ།
Why? Paramārthasamudgata, as such, that which does not exist by way of its own-character is unproduced; that which is unproduced is unceased; that which is unproduced and unceasing is pacified from the start; that which is pacified from the start is naturally thoroughly passed beyond sorrow; that which is naturally completely passed beyond sorrow does not have anything in the least to pass beyond sorrow.
ཀུན་བརྟགས་ཆོས་ཅན། ཁྱོད་ལ་སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།
The subject – imputational natures – there is a reason for referring to them as “without production” and “without cessation” because they are not established by way of their own-character.
དེ་ཆོས་ཅན། ཁྱོད་ལ་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
ཀུན་ནས་ཉོན་མོངས་ཕྱོགས་ཀྱིས་མ་བསྡུས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།
That subject, there is a reason for calling them “pacified from the start” and “naturally completely passed beyond sorrow” because they are not included in the thoroughly afflicted class.
དེས་མ་བསྡུས་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་ཏེ། སྐྱེ་འཇིག་དང་བྲལ་བའི་ཕྱིར།
They are not included in that because they are uncompounded phenomena; because they are free from production and disintegration.
Up a level: The Chapter of Paramārthasamudgata’s question and answer