Mode of arising of the Mahayana grounds
ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས།
ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དང་། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་རྣམས། མཉམ་གཞག་ཐུན་གཅིག་ལ་སྐྱེ།
The following arise in a single session of meditative equipoise:
- Exalted wisdom of the great supreme qualities Mahayana path of preparation that is in single-pointed equipoise on dharmata;
- Uninterrupted path of the Mahayana path of seeing; and
- Liberated path of the Mahayana path of seeing.
དེའི་རྗེས་སུ་ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་སྐྱེ།
After that arises the exalted wisdom of subsequent attainment of the Mahayana path of seeing.
དེའི་རྗེས་སུ་ས་དང་པོའི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་གཉིས་གང་རུང་མ་ཡིན་པའི་ས་དང་པོའི་མཉམ་བཞག་ཡེ་ཤེས་སྐྱེ།
After that arises the exalted wisdom of meditative equipoise of the first ground that is neither an uninterrupted path or liberated path of the first ground.
དེའི་རྗེས་སུ་ས་དང་པོའི་སྒོམ་ལམ་བར་ཆད་མེད་ལམ་སྐྱེ་བ་ཡིན་ནོ།
After that arises the first ground uninterrupted path of the path of meditation.
དེ་དང་ས་གཉིས་པའི་རྣམ་གྲོལ་ལམ་མཉམ་གཞག་ཐུན་གཅིག་ལ་སྐྱེ་བ་དང་།
That and the liberated path of the second ground arise in the same session of meditative equipoise.
དེའི་རྗེས་སུ་ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་སྐྱེ།
After that arises the exalted wisdom of subsequent attainment of the second ground.
དེའི་རྗེས་སུ་ས་གཉིས་པའི་རྣམ་གྲོལ་ལམ་དང་། བར་ཆད་མེད་ལམ་གང་རུང་མ་ཡིན་པའི་ས་གཉིས་པའི་མཉམ་གཞག་ཡེ་ཤེས་སྐྱེ།
After that arises the exalted wisdom of meditative equipoise of the second ground that is neither a liberated path or uninterrupted path of the second ground.
དེའི་རྗེས་སུ་ས་གཉིས་པའི་སྐད་ཅིག་ཐ་མའི་བར་ཆད་མེད་ལམ་སྐྱེ་བ་ཡིན་ནོ།
After that arises the uninterrupted path of the final moment of the second ground.
etc.
Up a level: Arya Bodhisattva grounds