Path of meditation of accomplishment
ཟག་མེད་ཀྱི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གང་ཞིག རང་གི་ཐོབ་བྱར་གྱུར་པའི་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ།
སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད།
Definition: That which is:
- An uncontaminated Mahayana subsequent clear realisation; and
- The depositor of the imprint for the final realisation that is its object of attainment.
Possesses five distinguishing features: ཁྱད་ཆོས་ལྔ་དང་ལྡན་ཏེ།
- Entity ངོ་བོའི་ཁྱད་པར།
Directly perceiving all phenomena (forms and so forth) unmistakenly and free from all elaborations of true existence. གཟུགས་སོགས་ཀྱི་ཆོས་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་བདེན་པའི་སྤྲོས་པ་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་མཐོང་བ།
- Result འབྲས་བུའི་ཁྱད་པར།
Buddhahood will not be attained by other contaminated [practices] such as generosity and so forth without being conjoined by it. ཁྱོད་ཀྱིས་མ་ཟིན་པར་སྦྱིན་སོགས་གཞན་ཟག་བཅས་ཀྱིས་སངས་རྒྱས་མི་འཐོབ་པ།
- Function བྱེད་ལས་དང་འབྲེལ་བའི་ཁྱད་པར།
An application or practice realising the lack of ultimate existence of production and disintegration, or as an object of observation, as an attribute of all thoroughly afflicted and completely pure phenomena
ཀུན་བྱང་གི་ཆོས་ཐམས་ཅད་ཀྱི་ཁྱད་པར་ལ་སྐྱེ་འཇིག་དང་དམིགས་པ་དོན་དམ་པར་མེད་པར་རྟོགས་ནས་སྦྱོར་བའམ་སྒྲུབ་པར་བྱེད་པ།
- Temporary qualities གནས་སྐབས་ཀྱི་ཡོན་ཏན་དང་འབྲེལ་བའི་ཁྱད་པར།
The quality of possessing those previous three distinguishing features acts to generate the non-observation of signs of all phenomena in the continuum of the yogi on the path of meditation
ཁྱད་ཆོས་སྔ་མ་གསུམ་པོ་དེ་དང་ལྡན་པའི་ཡོན་ཏན་གྱིས་ཆོས་ཐམས་ཅད་ལ་མཚན་མར་མི་དམིགས་པ་ཉིད་དུ་རྣལ་འབྱོར་པ་སྒོམ་ལམ་པའི་རྒྱུད་ལ་
སྐྱེད་པར་བྱེད་པ།
- Final qualities མཐར་ཐུག་གི་ཡོན་ཏན་དང་འབྲེལ་བའི་ཁྱད་པར།
Enacting the ultimate object of attainment, the great result, the attainment of Buddhahood.
ཐོབ་བྱའི་དོན་དམ་འབྲས་བུ་ཆེན་པོ་སངས་རྒྱས་ཐོབ་པ་ཉིད་དུ་བྱེད་པ།
Up a level: Uncontaminated Mahayana path of meditation