Purity of Bodhisattva's path of meditation
སངས་རྒྱས་ཀྱི་རྣམ་དག་དེ་རྣམ་དག་ཤིན་ཏུ་བ་ཡིན་པ་དང༌། ཉན་རང་གི་རྣམ་དག་དེ་རྣམ་དག་ཤིན་ཏུ་བ་མ་ཡིན་པའི་ཁྱད་པར་འཐད་དེ།
ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་སོགས་དགུ་པོ་དེ་རང་རང་གི་སྒྲིབ་པ་གཉིས་ཀའི་དངོས་གཉེན་བར་ཆད་མེད་ལམ་ཡིན།
ཉན་རང་གི་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་སོགས་དེ་ལྟར་མ་ཡིན་པའི་ཕྱིར།
It is logical that there is a difference between the Buddha's purity being great purity and the Hearer and Solitary Realisers' purity not being great purity because:
- The nine uninterrupted paths of the Mahayana path of meditation (small of the small and so forth) are uninterrupted paths that are direct antidotes for both their respective obscurations; whereas
- The uninterrupted paths of the Hearers (small of the small and so forth) are not as such.
i.e. Hearer and Solitary Realisers' paths of meditation are not able to abandon the subtle knowledge obscurations.
རྫོགས་པའི་སངས་རྒྱས་ཀྱི་རྣམ་དག་དེ་རྣམ་དག་ཤིན་ཏུ་བ་ཡིན་ཏེ། གཞལ་བྱ་དང༌། འཇལ་བྱེད་ཐམས་ཅད་བདེན་སྟོང་སྤྲོས་བྲལ་དུ་རྟོགས་པའི་རྒྱུན་མཐའི་བར་ཆད་མེད་ལམ་དེ་ཁམས་གསུམ་གའི་སྒྲིབ་པ་མཐའ་དག་གི་དངོས་གཉེན་ཡིན་པའི་ཕྱིར།
The purity of a complete Buddha is Great Purity because the uninterrupted path at the end of the continuum, which realises the emptiness of true existence free from elaborations of all objects of comprehension and comprehenders, is the direct antidote to all obscurations of the Three Realms.
Debates (Tendarwa):
དངོས་སྨྲ་བ་རྣམས་ན་རེ། མ་དག་གཞན་དབང་བདེན་པར་གྲུབ་པར་ཐལ། སྤང་བྱ་བདེན་འཛིན་ལྷན་སྐྱེས་དགུ་གྲུབ་པའི་ཕྱིར།
དག་པའི་གཞན་དབང་བདེན་པར་གྲུབ་པར་ཐལ། གཉེན་པོ་ཐེག་ཆེན་གྱི་བར་ཆད་མེད་ལམ་དགུ་གྲུབ་པའི་ཕྱིར།
ཞེས་པ་གཉིས་ནི་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཡིན་ཞིང་། དེ་གཉིས་ལ་དབུ་མ་པའི་ཀུན་རྫོབ་ཁས་བླང་ནས་ཁྱབ་མེད་ཀྱི་ལན་འདེབས།
Proponents of Things say:
- It follows that impure other-powered natures are truly established because nine innate true-grasping that are objects of abandonment are established.
- It follows that pure other-powered natures are truly established because nine Mahayana uninterrupted paths that are antidotes are established.
These two are the objections relating to the conventional and the Madhyamikas, taking them conventionally, will answer "no pervasion".
བསོད་རྣམས་དང་ཡེ་ཤེས་ཀྱི་ཚོགས་ལ་འབད་པ་དོན་མེད་པར་ཐལ། སྤངས་གཉེན་བདེན་པར་མེད་པའི་ཕྱིར།
ཐོབ་པ་དང་མངོན་པར་རྟོགས་པ་མེད་པར་ཐལ། སྤངས་གཉེན་བདེན་པར་མེད་པའི་ཕྱིར། ཞེས་པ་གཉིས་ནི་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་ཞིང་།
དེ་གཉིས་ལ་དབུ་མ་པའི་དོན་དམ་ཁས་བླངས་ནས་ཀུན་རྫོབ་ལ་བལྟོས་ཏེ་ཁྱབ་མེད་ཀྱི་ལན་དང་། དོན་དམ་ལ་བལྟོས་ཏེ་འདོད་ལན་འདེབས་སོ།
Proponents of Things say:
- It follows that striving in the collections of merit and wisdom is meaningless because the antidotes and objects of abandonment do not truly exist.
- It follows that the attainments and clear realisations do not exist because the antidotes and objects of abandonment do not truly exist.
These two are the objections relating to the ultimate and the Madhyamikas, taking them ultimately, will answer:
- "No pervasion" in relation to the conventional, and
- "Accept" in relation to the ultimate.
Up a level: Path of meditation of purity