Uncommon objects of abandonment

ས་བཅུ་པོ་རེ་རེ་ལ་རང་གི་སྤང་བྱར་གྱུར་པའི་ཤིན་ཏུ་རྨོངས་པ་གཉིས་གཉིས་དང་། དེའི་གནས་ངན་ལེན་མི་མཐུན་ཕྱོགས་རེ་ཡོད།
Each of the ten grounds has two thorough obscurations that are their objects of abandonment and there is a negative state of their discordant class.

ས་དང་པོ་ལ་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའི་རྨོངས་པ་དང་། ངན་སོང་བའི་ཉོན་མོངས་པས་འཇིགས་པའི་རྨོངས་པ་དང་།
The first ground has the obscuration thoroughly adhering to persons and phenomena and the obscuration fearing the afflictions of the lower realms;

ས་གཉིས་པ་ལ་ལྟུང་བ་ཕྲ་མོའི་འཁྲུལ་བ་ལ་རྨོངས་པ་དང་། ལས་ཀྱི་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པའི་རྨོངས་པ་དང་།
The second ground has the obscuration with respect to mistakes of subtle downfalls and the obscuration thoroughly adhering to various types of actions;

ས་གསུམ་པ་ལ་འདོད་ཆགས་ཀྱིས་རྨོངས་པ་དང་། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་མངོན་པར་ཞེན་པའི་རྨོངས་པ་དང་།
The third ground has obscuration due to attachment and the obscuration thoroughly adhering to thoroughly complete retention of hearing;

ས་བཞི་པ་ལ་སྙོམས་འཇུག་ལ་སྲེད་པའི་རྨོངས་པ་དང་། ཆོས་ལ་སྲེད་པའི་རྨོངས་པ་དང་།
The fourth ground has the obscuration craving meditative absorption and the obscuration craving dharma;

ས་ལྔ་པ་ལ་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་ཤིང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་རྨོངས་པ་དང་།
མྱང་འདས་ལ་གཅིག་ཏུ་མི་ཕྱོགས་ཤིང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་རྨོངས་པ་དང་།
The fifth ground has the obscuration that is attention totally turning away or turning towards samsara and the obscuration that is attention totally turning away or turning towards nirvana.

ས་དྲུག་པ་ལ་འདུ་བྱེད་ཀྱི་འཇུག་པ་མངོན་དུ་བྱ་བ་ལ་རྨོངས་པ་དང་། མཚན་མ་མང་པོ་འབྱུང་བ་ལ་རྨོངས་པ་དང་།
The sixth ground has the obscuration with respect to engagement of compositional actions, that actualised, and the obscuration with respect to the arising of many signs.

ས་བདུན་པ་ལ་མཚན་མ་ཕྲ་མོ་འབྱུང་བའི་རྨོངས་པ་དང་། མཚན་མེད་ཡིད་ལ་བྱེད་པའི་ཐབས་ལ་རྨོངས་པ་དང་།
The seventh ground has the obscuration of the arising of subtle signs and the obscuration with respect to the method of the attention to signlessness.

ས་བརྒྱད་པ་ལ་མཚན་མེད་ལ་རྩོལ་བའི་རྨོངས་པ་དང་། མཚན་མར་འཛིན་པ་ལ་དབང་ཐོབ་པའི་རྨོངས་པ་དང་།
The eighth ground has the obscuration striving for signlessness and the obscuration that attains mastery in apprehending signs.

ས་དགུ་པ་ལ་ཆོས་བསྟན་པ་དང་ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ལ་གཟུངས་ཀྱི་དབང་ལ་དང་།
སྤོབས་པའི་དབང་ལ་རྨོངས་པ་དང་།
The ninth ground has obscuration with respect to the mastery of retention in terms of wisdom and confidence in teaching the dharma and inestimably greater and greater dharma words and letters and [the obscuration] with respect to the mastery of confidence in that.

ས་བཅུ་པ་ལ་མངོན་ཤེས་ཆེན་པོ་ལ་དང་། གསང་བ་ཕྲ་མོ་ལ་འཇུག་པ་ལ་རྨོངས་པ་དང་།
The tenth has the obscuration with respect to the great clairvoyance and engagement in the subtle secret.

བཅུ་གཅིག་པ་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་དང་། ཐོགས་པ་ཤིན་ཏུ་རྨོངས་པ་གཉིས་རྣམས་སུ་ཡོད་པའི་ཕྱིར།
The eleventh is the two: very subtle attachment and very obscured obstruction with respect to all objects of knowledge.


Up a level: Distinguishing features of the Mahayana grounds