Adherence to signs in relation to the result
དེ་བཞིན་གཤེགས་པ་ལ་སྐྱབས་གནས་ཡང་དག་ཏུ་བདེན་པར་གཟུང་བའི་སྒོ་ནས་ཕྱག་འཚལ་བ་དང་བསྟོད་པ་དང༌།
དེ་དག་གི་དགེ་བ་ལ་མཚན་མར་གཟུང་བའི་སྒོ་ནས་རྫོགས་བྱང་དུ་བསྔོ་བ་རྣམས་ཆོས་ཅན།
བྱང་སེམས་ལམ་གྱི་གོལ་ས་མི་མཐུན་ཕྱོགས་ཡིན་ཏེ། དེའི་གཞོམ་བྱ་ཡིན་པའི་ཕྱིར།
The subject - by way of apprehending the Tathagatas as truly existent perfect sources of refuge, prostrating and praising them, as well as dedicating towards complete enlightenment by way of apprehending the signs of their virtues - they are the discordant class going astray from the Bodhisattva path because they are something to be overcome by that.
གལ་ཏེ་དེ་རྣམས་གཉེན་པོ་ཡིན་པས་སྤང་བྱར་འགལ་ལོ་ཞེ་ན། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་ལས་སྒྲིབ་སོགས་འགའ་ཞིག་གི་གཉེན་པོ་ཡིན་མོད་ཀྱི་རྣམ་པ་ཐམས་ཅད་དུ་གཉེན་པོ་མ་ཡིན་པས་སྐྱོན་མེད་དེ། ཆགས་པ་དེ་ཞེན་པ་ཕྲ་མོའི་ངོ་བོ་ཉིད་ཡིན་པའི་ཕྱིར།
Since they are antidotes, does it not contradict their being objects of abandonment? There is no such fault because although they are antidotes to some karmic obscurations and so forth due to being causes of the collection of merit, they are not antidotes in all aspects; because of being in the entity of subtle attachment (i.e. adherence).
དེ་བཞིན་གཤེགས་པ་ལ་བདེན་པར་དམིགས་པ་ཡང་ཆགས་པ་ཕྲ་མོ་ཡིན་པས་མི་མཐུན་ཕྱོགས་ཡིན་ཏེ།
རྒྱུ་མཚན་གང་གི་ཕྱིར་ན་ཆོས་ཀྱི་རིགས་རྣམས་བདེན་པའི་ངོ་བོ་ཉིད་ཁོ་ནས་སྟོང་པས་དེ་དག་གི་གནས་ལུགས་དེ་ཟབ་པ་ཉིད་ཡིན་པ་དེའི་ཕྱིར།
Also observing the Tathagatas as truly existence is the discordant class due to being subtle attachment, because all types of phenomena are exclusively empty of the nature of true existence; therefore, their mode of abiding is subtle.
The words also indicates: not only observing forms and so forth as such.
དེ་ལྟ་བུའི་ཆགས་པ་ཕྲ་མོ་དེ་སྤོང་བའི་གཉེན་པོ་དང་སྤོང་ཚུལ་ཡོད་དེ།
ཆོས་ཐམས་ཅད་བདེན་པའི་རང་བཞིན་མེད་པར་རང་བཞིན་གཅིག་ཏུ་ཤེས་པས་ནི་ཆགས་པ་དེ་སྤོང་བའི་ཕྱིར།
There is an antidote and mode of abandonment of that subtle attachment: because knowing all phenomena to be of the same nature in terms of lacking the nature of true existence abandons that attachment.
བྱང་སེམས་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། འབྲས་བུ་ལ་བདེན་ཞེན་སྤོང་བ་ཡིན་ཏེ།
དེའི་དངོས་གཉེན་བྱེད་པའི་རིགས་སུ་གནས་པའི་ཕྱིར།
The subject - an exalted knower directly realising emptiness in the continuum of an Arya Bodhisattva - it abandons adherence to true existence wrt to the result because it abides in the class of the direct antidote to that.
Quote: Pramanavartika
ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་པའི་རྒྱུ་མཚན་ཡོད་དེ། དེ་རྟོགས་པར་དཀའ་བ་ཡིན་བའི་ཕྱིར།
ཆོས་ཐམས་ཅད་བདེན་སྟོང་ཆོས་ཅན། རྟོགས་པར་དཀའ་བ་ཡིན་ཏེ། ཚུར་མཐོང་གི་མངོན་སུམ་གྱི་ཡུལ་ལས་འདས་ཤིང། རིགས་ཤེས་ཀྱི་རྙེད་དོན་ཡིན་པའི་ཕྱིར།
There is a reason that the mode of abiding of all phenomena is subtle: because that is difficult to realise.
The subject - the emptiness of true existence of all phenomena - it is difficult to realise because:
- It is beyond the objects of direct perception of ordinary beings; and
- It is the found-object of a reasoning consciousness.
ཆོས་ཐམས་ཅད་བདེན་སྟོང་ཆོས་ཅན། ཐ་སྙད་པའི་བློས་རྟོགས་པར་དཀའ་བའི་རྒྱུ་མཚན་ཡོད་དེ།
ཐ་སྙད་པའི་བསམ་པའི་ཡུལ་ལས་འདས་པ་སྟེ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། གཟུགས་ནས་མ་འདྲེས་པའི་བར་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་
གནས་ལུགས་དེ། ཐ་སྙད་པའི་བློས་ཡོངས་སུ་མི་ཤེས་པ་སྟེ་དངོས་ཡུལ་དུ་བྱེད་པར་མི་ནུས་པའི་ཕྱིར།
The subject - the emptiness of true existence of all phenomena - there is a reason for it being difficult to realise with a conventional awareness: because it is beyond the objects of conventional thinking, i.e. it is inconceivable; because the nature or mode of abiding of all phenomena (from forms and up to the unmixed qualities) are not completely understood by a conventional awareness, i.e. they are unable to take them as an explicit/direct object.
Up a level: Knower of bases