Analysing whether or not there is an end to Samsara

འཁོར་བ་ལ་ཐོག་མའི་མཐའ་མེད་ཀྱང་ཐ་མའི་མཐའ་ཡོད་དེ། སེམས་ཅན་ཐམས་ཅད་སངས་རྒྱ་ངེས་ཡིན་པའི་ཕྱིར།
སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྒྲིབ་པ་དེ་གཉེན་པོས་སྤོང་རུང་ཡིན་པའི་ཕྱིར།
Although samsara has no beginning, it has an end because all sentient beings are definite to become enlightened; because the obscurations in the continua of all sentient beings are suitable to be abandoned by an antidote.

ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་བདེན་པའི་སྤྲོས་པ་མཐའ་དག་དང་བྲལ་བ་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་ཡོད་ཅིང་།
དེ་ལ་རང་གི་ངོ་བོའི་དབྱེ་བ་མི་འདྲ་བ་ཅུང་ཟད་ཀྱང་མེད་ལ། དེ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་ཕུང་པོ་ལ་སོགས་པ་བདེན་པར་འཛིན་པའི་བདེན་འཛིན་དེ་ཉིད་ཐག་ཁྲ་ལ་སྦྲུལ་འཛིན་ལྟར་རྩ་བ་མི་བརྟན་པ་སེམས་རྒྱུད་ལ་གློ་བུར་དུ་བྱུང་བ་གཉེན་པོས་འབྲལ་དུ་རུང་བ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་
དྲི་མ་འབྲལ་རུང་ཡིན་ན། ཉན་ཐོས་དང་རང་སངས་རྒྱས་དགྲ་བཅོམ་པ་ཞི་བའི་དབྱིངས་ལས་བཞེངས་པ་དག་གི་རྒྱུད་ཀྱི་ཤེས་བྱའི་སྒྲིབ་པ་སྤང་དུ་མི་རུང་བ་དང་།
དེ་སྤོང་བའི་ཐབས་སྟོན་པའི་སངས་རྒྱས་ཀྱི་མཛད་པ་འདོར་བ་མི་སྲིད་པའི་ཕྱིར་རོ།
There is no difference among sentient beings in terms of possessing the dharmadhatu, which is pure by nature and free from all elaborations of true existence, and their [dharmadhatu] does not have even the slightest difference in terms of divisions in nature.
The root of all afflictions is the erroneous apprehension regarding that, the true-grasping that apprehends the aggregates and so forth as truly existent, which has an unstable foundation, arises adventitiously in the mental continuum, and is suitable to be removed by an antidote; just like the apprehension of a rope to be a snake.
Therefore, if the stains of all sentient beings are suitable to be removed, it would be impossible that:


Debates summary:

From General Meaning:


ལེགས་བཤད་གསེར་ཕྲེང་ལྟར་ན། འགྲེལ་པ་ཆེ་ཆུང་གཉིས་དང་ཨ་བྷྱ་སོགས་ཀྱིས་འཁོར་བ་མཐའ་ཡོད་དུ་འདོད་ཀྱང༌། མཐའ་མེད་ཀྱི་ཕྱོགས་འཐད་པ་ཡིན་ཏེ།
མཐའ་ཡོད་འདོད་པ་རྣམས་ཀྱི་རིགས་པ་ནི། རྣམ་འགྲེལ་ལས། འགྲིབ་དང་ཕུལ་བྱུང་སྲིད་པར་འཇུག །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །དེ་གོམས་པ་ལ་བདག་འགྱུར་བས། །ལ་ལར་ཟག་པ་ཟད་པར་འགྱུར། །ཞེས་པའི་དོན་དུ་སྣང་ལ། དེ་ནི་ཤེས་རྒྱུད་ལ་ལ་སོགས་ཉེས་པ་དང་བྲལ་བ་བྱུང་སྲིད་པ་ཙམ་དུ་སྒྲུབ་པ་ཡིན་ཞིང༌།
དེ་ནི་སེམས་ཅན་རེ་རེ་ཞིང་སངས་རྒྱས་སྒྲུབ་དགོས་པས་དེའི་སྒྲུབ་བྱེད་དུ་མི་འགྱུར་བའི་ཕྱིར།
དེས་ན་འཁོར་བ་ལ་མཐའ་ཡོད་པའི་སྒྲུབ་བྱེད་མཐར་ཐུག་ནི་དྲི་མ་བློ་བུར་བ་དང་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པས་རྐྱེན་དང་འཕྲད་ན་གཉེན་པོ་སྐྱེ་རུང་དང་སྒྲིབ་པ་སྤང་རུང་ཙམ་ཡིན་ལ་དེ་ཙམ་གྱིས་འཁོར་བའི་མཐའ་ཡོད་པར་སྒྲུབ་མི་ནུས་པའི་ཕྱིར། འབྲས་བུ་འབྱུང་རུང་འབྱུང་ངེས་ལ་འཁྲུལ་པའི་ཕྱིར་རོ། །
According to the Golden Rosary, despite the Great and Small Commentaries as well as Abhya and so forth asserting that Samsara has an end, the position that it does not have an end is correct.
This is because the reasoning for those asserting it has an end appears to come from [Dharmakīrti’s] Pramāṇavārttika:
Obscuration and excellence engage in existence,
Due to being together with the discordant class;
Through familiarity with that, the nature is transformed
And contamination in some will be exhausted.

However, since this is merely proving the possibility of some mental continua being separated from faults whereas it is necessary to prove that every sentient beings will [attain] enlightenment, this does not become a proof of that.
Therefore, the final proof for Samsara having an end is as follows. Since the stains are adventitious and the nature of mind is clear light, if the conditions are met, then an antidote is merely suitable to arise and the obscurations are merely suitable to be abandoned; but just that is not able to prove that Samsara has an end; because of mistaking the result being suitable to arise for it being definite to arise.


Up a level: Perfection of Wisdom