Antidotes to those conceptions
བྱང་སེམས་སྦྱོར་ལམ་པས་སྐལ་ལྡན་གྱི་གདུལ་བྱ་གཞན་དག་ལ་མཐོང་ལམ་དང། སྒོམ་ལམ་གྱི་རྟོགས་པ་སྐྱེད་བྱེད་དུ་ལུང་བསྟན་པ་ཆོས་ཅན།
འཆད་པར་འགྱུར་བའི་དྲི་མ་ཟད་སྐྱེ་བདེན་མེད་དུ་ཤེས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་སྐྱེད་པའམ་འཐོབ་པའི་རྒྱུ་ཡིན་ཏེ། དེའི་སྐྱེད་བྱེད་ཡིན་པའི་ཕྱིར།
(1) The subject - Bodhisattvas on the path of preparation teaching fortunate disciples about the producers of the realisations of the path of seeing and meditation - it is a cause for producing / attaining the enlightenment possessing the characteristic of knowing exhaustion and non-arising of stains as lacking true existence (which will be explained later) because of being the producer of that.
བྱང་སེམས་སྦྱོར་ལམ་པས་སྐལ་ལྡན་གྱི་གདུལ་བྱ་ལ་གཞུང་ཤེར་ཕྱིན་བསྟན་པ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་འཐོབ་པའི་རྒྱུ་ཡིན་ཏེ།
དེ་སྐྱེད་པར་བྱེད་པའི་བསོད་ནམས་ཀྱི་ཚོགས་ཡིན་པའི་ཕྱིར།
(2) The subject - Bodhisattvas on the path of preparation teaching the scriptural perfection of wisdom to fortunate disciples - it is a cause for attaining the Peak Application of the path of seeing because it is a collection of merit that is its producer.
ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ། མཐོང་ལམ་རྩེ་སྦྱོར་གྱི་རྒྱུ་ཡིན་ཏེ། དེའི་སྐྱེད་བྱེད་ཀྱི་ཡེ་ཤེས་ཀྱི་ཚོགས་ཡིན་པའི་ཕྱིར།
(3) The great supreme dharma level of the Mahayana path of preparation is a cause of Peak Application of the path of seeing because it is a collection of exalted wisdom that is its producer.
First two are cooperative conditions; last is substantial cause.
See: Practice of the collections
བྱང་སེམས་སྦྱོར་ལམ་པའི་བྱང་ཆུབ་ཐོབ་པར་བྱེད་པའི་བར་ཆད་མེད་པ་སྟེ་ངེས་པའི་རྒྱུ་མཐོང་ལམ་གྱི་ཤེར་ཕྱིན་མཉམ་གཞག་ཏུ་རང་གིས་སྒོམ་པ་དང་རྗེས་ཐོབ་ཏུ་གཞན་ལ་བསྟན་པ་ཆོས་ཅན། ཐེག་ཆེན་དགྲ་བཅོམ་པའི་བསོད་ནམས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཏེ།
སྟོང་གསུམ་གྱི་སེམས་ཅན་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་ལ་བཀོད་པ་ལས་ཀྱང་བསོད་ནམས་ཆེས་མང་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར།
The subject - the Bodhisattva on the path of preparation's uninterrupted attainer of enlightenment, i.e. the definite cause, the perfection of wisdom of the path of seeing, being cultivated by oneself and taught to others during subsequent attainment - it is the greatly superior merit of a Mahayana Arhat because of possessing the characteristic of greater merit than even setting sentient beings in a billion world-systems in the results from Stream-Enterer and up to Foe-Destroyer.
རྒྱུ་གསུམ་པ་སྟོན་པའི་སྐབས་ཀྱི་མདོ་ལས་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཞིང་བསྟན་ནས་སླར་ཡང་མི་སྣང་བར་བྱས་པ་ལ་དགོས་པ་ཡོད་དེ།
མཐོང་ལམ་གྱི་ཚེ་ཕྱིན་ཅི་ལོག་གི་རྟོག་པ་མཐའ་དག་ནུབ་པར་བསྟན་པའི་ཆེད་ཡིན་པའི་ཕྱིར།
In the sutra section indicating the third cause, there is a purpose for the Tathagata to indicate the field of Akshobya and not appearing again: in order to indicated that during the path of seeing all erroneous conceptions disappear.
Up a level: Perfection of Wisdom