Application of the equality of existence and peace
སྲིད་ཞི་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རྗེས་ཐོབ་ཀྱི་གནས་སྐབས་སུ་བདེན་འཛིན་མངོན་གྱུར་པ་སྐྱེ་བའི་གོ་སྐབས་ཟད་པར་
བཅོམ་པའི་དག་སའི་ཡེ་ཤེས། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད།
Definition: A pure ground exalted wisdom that has completely eliminated any opportunity for the arising of manifest true-grasping during subsequent attainment by way of being conjoined with the wisdom directly realising existence and peace as empty of true existence.
Boundaries: only on the three pure grounds.
In this context:
- Learners refers to seventh ground and below
- Non-Learners refers to eighth ground on
སྲིད་ཞི་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་བཞིན་ནོ། དངོས་སྨྲ་བས་དབུ་མ་པ་ལ་ཉིན་པར་ལས་གསོག་པ་མི་འཐད་པར་ཐལ།
ལས་འབྲས་དོན་དམ་པར་མ་གྲུབ་པའི་ཕྱིར། དཔེར་ན་རྨི་ལམ་བཞིན། ཞེས་འཕངས་པའི་ཐལ་འགྱུར་འདི་ཆོས་ཅན། ཁྱོད་དབུ་མ་པ་ལ་སུན་འབྱིན་ཡང་དག་མ་ཡིན་པར་ཐལ། དབུ་མ་པས་ཁྱོད་ལ་ཁྱབ་པ་མ་གྲུབ་པའི་ལན་དོན་མཐུན་ཐེབས་པའི་ཕྱིར་རོ།
The subject - existence and peace - they do not truly exist because of being dependent-arisings.
The Proponents of Things fling this consequence to Madhyamikas: It follows that the accumulation of actions in the daytime is illogical because cause and effect are not established ultimately.
The subject - this consequence - it follows that it is not a correct refutation of the Madhyamika because the Madhyamikas have a factually concordant response of "no pervasion."
ཆོས་ཐམས་ཅད་བདེན་པར་མེད་པ་རྨི་ལམ་དང་འདྲ་ན། སྟོང་པ་དང་རྟེན་འབྱུང་འགལ་བར་འཛིན་པའི་ལོག་རྟོག་གཅོད་པའི་ཆེད་དུ་ཉིན་པར་ཡང་སྦྱོར་དངོས་མཇུག་གསུམ་གྱིས་བསྡུས་པའི་ལས་ལམ་རྫོགས་པ་མེད་པར་ཐལ། ལས་འབྲས་དོན་དམ་པར་མེད་པའི་ཕྱིར། དཔེར་ན་རྨི་ལམ་བཞིན།
(Shariputra:) If all phenomena lack true existence, like a dream, then in order to eliminate wrong conceptions that emptiness and dependent-arising are contradictory: It follows that complete paths of action (including preparation, actual, and completion) do not exist also in daytime because cause and effect lack true existence; just like a dream.
ཤཱ་རིའི་བུའི་སུན་འབྱིན་དེ་སུན་འབྱིན་ཡང་དག་མ་ཡིན་པར་ཐལ། དེ་ལ་དོན་དམ་ལ་ལྟོས་ནས་འདོད་ལན་དང༌། ཀུན་རྫོབ་ལ་ལྟོས་ནས་ཁྱབ་པ་མེད་ལན་ཐེབས་པའི་ཕྱིར།
(Subhuti:) It follows that Shariputra's refutation is not a correct refutation because it has responses:
- Accept in relation to the ultimate and
- No pervasion in relation to the conventional.
དང་པོ་གྲུབ་སྟེ། རྨི་ལམ་བདེན་པར་མེད་པས་དེའི་ཆོས་ལ་དོན་དམ་པར་འབྲི་འཕེལ་མི་བྱེད་པའི་ཕྱིར།
The first is established because dream-phenomena have no increase or decrease ultimately, due to lacking true existence.
གཉིས་པ་གྲུབ་སྟེ། རྨི་ལམ་ན་ཡང་སྤྱོད་པ་ལས་སད་ནས་ཡི་རང་ན་འབྲི་འཕེལ་ཡོད་པའི་ཕྱིར། དེས་ན་ཁྱབ་པ་དང་དཔེ་ཡང་མ་གྲུབ་བོ།
The second is established because even the activities in a dream have increase and decrease if one rejoices upon waking.
རབ་འབྱོར་གྱིས་སྨྲས་པ། ཉིན་པར་སྲོག་བཅད་པ་དང་རྨི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ་བདག་གིས་བསད་པ་ལེགས་སོ་ཞེས་
མངོན་ཞེན་དྲག་པོས་གསོས་བཏབ་པ་ལ་ལས་ལམ་རྫོགས་པར་མཚུངས་པར་འདོད་པ།
Subhuti: Whether it is killing during daytime or killing in a dream, due to being activated by strong adherence thinking "I killed them! My having killed is well done!" then I assert that it they are equally complete paths of action.
ཤཱ་རིའི་བུས་སྨྲས་པ། འོ་ན་རྨི་ལམ་ན་གསད་བྱ་གསོད་བྱེད་སྦྱིན་བྱ་སྦྱིན་བྱེད་སོགས་ལས་ལམ་ཡོངས་སུ་རྫོགས་པ་གཅིག་ཡོད་པར་ཐལ།
སད་རྨི་གཉིས་ཀ་མཚུངས་པའི་ཕྱིར། འདོད་ན། རྨི་ལམ་དུ་དགེ་སློང་གིས་མི་བསད་པ་རྨིས་པས་སྡོམ་པ་ཉམས་པ་གཅིག་ཡོད་པར་ཐལ་ལོ།
Shariputra: In that case, it follows that a thoroughly complete path of actions (e.g with object of killing and killer, and giver and recipient, etc.) exist in dreams because both dreams and waking are the same.
If you accept: It follows that a degeneration of vows due to a Gelong having dreamt of killing a human in a dream exists!
ཤཱ་རིའི་བུའི་སུན་འབྱིན་དེ་སུན་འབྱིན་ཡང་དག་མ་ཡིན་ཏེ། དགེ་སློང་གིས་མི་བསད་པས་སྡོམ་པ་ཉམས་པ་ནི་བཅོམ་ལྡན་འདས་ཀྱིས་བཅས་པའི་དབང་གིས་ཡིན་གྱི།
བཅོམ་ལྡན་འདས་ཀྱིས་རྨི་ལམ་དུ་བསླབ་པ་མ་བཅས་པའི་ཕྱིར། དཔེར་ན། མི་ཚངས་སྤྱོད་ཀྱི་ལྟུང་བར་འདྲ་ཡང་འཆབ་སེམས་སྐྱེས་ན། དགེ་སློང་དུ་མི་རུང་ལ།
མ་སྐྱེས་ན་ཆད་ལས་ཀྱི་བསླབ་པ་བྱིན་ནས་དགེ་སློང་དུ་འཇོག་པ་བཞིན་ནོ།
Shariputra's refutation is not a correct refutation because a Gelong degenerating their vows due to killing a human is due to the power of that proscribed by the Bhagavan and the Bhagavan did not proscribe trainings (vows) for dreams.
For example, though the downfall of sexual conduct is similar, if concealment arises they are not suitable to be a Gelong, whereas if it does not arise, by engaging in remedial trainings they are still considered a Gelong.
ཤཱ་རིའི་བུས་སྨྲས་པ། རབ་འབྱོར་སད་རྨིས་གཉིས་སུ་ལས་ལམ་ཡོངས་སུ་རྫོགས་པ་ཡོད་པ་མི་འཐད་དེ།
མདོ་ལས། ལས་དང་སེམས་པ་ཐམས་ཅད་དབེན་པར་གསུངས་པ་དང་འགལ་བའི་ཕྱིར།
Shariputra: Subhuti, it is incorrect that thoroughly complete paths of actions exist in both dream and waking because this contradicts sutra saying that all actions and intention are isolated.
རབ་འབྱོར་གྱིས་སྨྲས་པ། མདོ་དང་འགལ་བ་དེ་ལྟར་མ་ཡིན་པར་ཐལ། མདོ་ལས་དེ་ལྟར་གསུངས་པ་དེ་ལས་དང་སེམས་པ་དོན་དམ་པར་མེད་པ་ལ་དགོངས་ལ།
ལས་དང་སེམས་པ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ།
Subhiti: It follows that there is no such contradiction with sutra because the intention of such statements in sutra is that actions and intentions do not exist ultimately.
ཤཱ་རིའི་བུ་ན་རེ། རྨི་ལམ་དུ་བྱང་སེམས་སྦྱིན་པ་ནས་ཤེས་རབ་ཀྱི་བར་བསྒོམས་ཏེ། དགེ་བའི་རྩ་བ་དེ་ཡང་རྫོགས་བྱང་དུ་བསྔོས་ན་ཚོགས་གཉིས་ཡོངས་སུ་རྫོགས་པ་ཡིན་པར་ཐལ། རྨི་ལམ་ན་ལས་ལམ་ཡོངས་སུ་རྫོགས་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རྨི་ལམ་གྱི་ལས་ལམ་དེ་ཡང་དག་ཀུན་རྫོབ་མ་ཡིན་པའི་ཕྱིར།
Shariputra: It follows that if a bodhisattva cultivates generosity and up to wisdom in a dream and dedicates those roots of virtue towards complete enlightenment, then the two collections will be thoroughly complete because thoroughly complete paths of actions exist in dreams.
You cannot accept because paths of actions in dreams are not real conventionalities.
རབ་འབྱོར་གྱིས་འདིར་ལན་དངོས་སུ་མི་འདེབས་པའི་རྒྱུ་མཚན་ཡོད་དེ། དེའི་ལན་གོང་དུ་བཏབ་ཟིན་པའི་ཕྱིར།
There is a reason for Subhuti not responding: it is because the answer was already given previously.
Up a level: Perfection of Wisdom