Applications explicitly indicated in this context

སྟོང་ཉིད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱིས་ཟིན་པའི་སྐབས་འདིར་དངོས་སུ་བསྟན་པའི་སེམས་དཔའི་རྣལ་འབྱོར།
གཞུང་འདིའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་སྦྱོར་བའི་མཚན་ཉིད།
Definition of application that is the main indicated-object explicitly indicated by this section: A Bodhisattva yoga explicitly indicated in this context and conjoined with the union of calm abiding and special insight observing emptiness.

Divisions: (19/20) སྐབས་འདིར་དངོས་སུ་བསྟན་པའི་དེ་ལ་ཉི་ཤུར་ཡོད་དེ།


Reason for their order

གཟུགས་སོགས་ཀྱི་ཆོས་ཐམས་ཅད་ལ་མངོན་ཞེན་མེད་པས་གནས་པ་མི་སྦྱོར་བའི་སྦྱོར་བ་ལ་བརྩོན་པས་ནི།
གཟུགས་སོགས་ཀྱི་གནས་ལྔ་ཟབ་པ་དང་གཏིང་དཔག་དཀའ་བ་དང་ཚད་མེད་པ་རྟོགས་པར་འགྱུར་ལ།
Due to lacking adherence wrt all phenomena (forms and so forth), one strives in the application of non-application of abiding; that will realise the five modes/sources of forms and so forth as subtle, difficult to fathom, and limitless. (1-5)

དེ་ནས་ཡང་དག་པ་མ་ཡིན་པའི་སྦྱོར་བ་བྱེད་པ་གཟུགས་སོགས་ལ་མངོན་པར་ཞེན་པ་ཉིད་ཀྱི་ལས་དང་པོ་བས་ནི་ཚེགས་ཆེན་པོས་བྱང་ཆུབ་འཐོབ་ལ།
དེ་ལས་གཞན་པས་ནི་ལུང་བསྟན་པ་དང་ཕྱིར་མི་ལྡོག་པའི་ས་བདེ་བླག་ཏུ་ཐོབ་ནས་ངེས་པར་འབྱུང་བ་དང་མི་འབྲལ་བར་རྫོགས་བྱང་ལ་ཉེ་བ་དང་མྱུར་དུ་རྫོགས་བྱང་
འཐོབ་པར་འགྱུར་ལ།
Then, beginners engaging in incorrect application (adhering to forms and so forth) will attain enlightenment through great hardships. Others easily attain the levels of prophesy and irreversibility; are then not separated from definite emergence; are close to complete enlightenment and will quickly attain complete enlightenment. (6-12)

དེ་ནས་གཞན་གྱི་དོན་བྱེད་ཅིང་འཕེལ་བ་མེད་པ་དང་འགྲིབ་པ་མེད་པའི་སྦྱོར་བ་འཐོབ་ལ། དེ་ནས་ཆོས་དང་ཆོས་མིན་སོགས་སྤྱི་དང༌།
གཟུགས་སོགས་བསམ་གྱིས་མི་ཁྱབ་པ་སོགས་ཁྱད་པར་ལ་འདུ་ཤེས་ཐམས་ཅད་སྤངས་པའི་རྣམ་པར་མི་རྟོག་པ་ནི་འབྲས་བུ་རིན་པོ་ཆེ་སྦྱིན་པས་མཆོག་ཏུ་རྣམ་པར་
དག་པའི་མཐར་ཐུག་པར་གྱུར་པ་ནི་སྔ་མ་ཁོ་ནར་ལོ་སྐོར་གྱི་སྦྱོར་བས་སེམས་རྒྱུད་སྦྱོང་བར་བྱེད་པ།
Then, they will enact others' welfare and attain the application of non-increase and non-decrease.
Then, wrt dharma and non-dharma in general and the inconceivability of forms and so forth in particular,
non-conceptuality that has abandoned all discrimination will bestow the precious result; thereby, having transformed into the supreme final purity, through the application of time-cycles wrt just the above the mental continuum is purified. (13-20)

སྦྱོར་བའི་གོ་རིམས་མངོན་རྟོགས་ཀྱིས་ཕྱེ་བ་ཡིན་ལ། དེ་ཡང་སྐྱེ་རིམས་དང་པོ་ལྔ་དྲུག་པའི་གོང་དུ་སྐྱེས་པ་མིན་ཏེ། སྦྱོར་བ་དྲུག་པ་ལས་དང་པོ་པའི་སྦྱོར་བ་ཡིན་པའི་ཕྱིར།
The order of the applications: by way of clear realisation.
Moreover, the order of arising of the first five does not arise prior to the sixth because the sixth application is a beginner's application.

སྦྱོར་བ་དང་པོ་ལྔས་སྤྱིར་སྦྱོར་བ་སྐྱེད་ཚུལ་བསྟན་ཏེ། སྦྱོར་བ་སྐྱེད་པ་ན་ཡུལ་ཡུལ་ཅན་དུ་མ་ཞེན་པ་དགོས་པས་དང་པོ་གཉིས་དང༌།
ཡུལ་རྟོགས་ཚུལ་གསུམ་འབྱུང་བར་ཕྱི་མ་གསུམ་གྱིས་བསྟན་པའི་ཕྱིར།
The first five applications indicate the way of generating the applications in general because:

Grounds and paths: (Gyaltsab)


སྐབས་འདིར་དངོས་སུ་བསྟན་པའི་སྦྱོར་བའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད།
Boundaries (explicitly indicated 20): from the Mahayana path of accumulation and up to the end of the continuum.

སྐབས་འདིར་གཙོ་བོར་དངོས་སུ་བསྟན་པའི་སྦྱོར་བའི་ས་མཚམས། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུ་འཇོག
Boundaries (principal 19): from the heat level of the Mahayana path of preparation and up to the end of the continuum.
Excludes the sixth application: Application of those realising and attaining enlightenment through great hardships and over a long time due to being on path of accumulation.


Up a level: Perfection of Wisdom